དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་རོང་རྫོང་གིས་སྐྱ་འགྲིབ་ཕོག་པའི་ནད་པར་རིན་མེད་གཤགས་བཅོས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-14

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་མི་དམངས་སྨན་ཁང་གིས་ཟླ་བའི་འོད་སྣང་ཚོགས་པ་དང་མཉམ་དུ་སྤྱི་ཕན་སྨན་བཅོས་སྐྱོབ་བཅོས་ཀྱི་ཞབས་ཞུ་སྤེལ་ཏེ། རྫོང་ཁོངས་ཀྱི་སྐྱ་འགྲིབ་ཕོག་པའི་ཞིང་འབྲོག་པ་23ལ་རིན་མི་དགོས་པར་གཤགས་བཅོས་བྱས་ནས་ཁོང་ཚོར་སླར་ཡང་འོད་སྣང་སྦྱིན་པ་རེད།

    དམངས་ལ་ཕན་པ་སྐྲུན་པ་དང་བྱ་བ་དངོས་བསྒྲུབ་ཆེད། ལྷོ་རོང་རྫོང་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གིས་སྔ་ནུར་དུ་ཤང་དང་གྲོང་རྡལ་ཁག་ཏུ་བསྐྱོད་དེ་མིག་ནད་གྲལ་བཤེར་བྱས་པ་དང་ཆབས་ཅིག མིག་ལ་བདག་གཅེས་དང་སྲུང་སྐྱོང་བྱེད་པའི་བདེ་ཐང་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་པའི་ཁར། དཀའ་ངལ་ཡོད་པའི་ནད་པར་མཐིལ་རྟོགས་གནད་སྨིན་དང་གཙོ་གནད་ཐོ་འགོད་བྱས་ཏེ་འཕྲལ་མཁོ་ཆེ་བའི་མང་ཚོགས་ལ་སྨན་བཅོས་ཀྱི་ཕན་འབྲས་ཐོན་པར་འགན་ལེན་བྱས་པ་རེད། ཟླ་བའི་འོད་སྣང་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་གཤགས་བཅོས་སྔོན་གྱི་བརྟག་དཔྱད་དང་། གཤགས་བཅོས་རིང་གི་ཚད་ལྡན་བརྒྱུད་རིམ། གཤགས་བཅོས་རྗེས་ཀྱི་ལུས་གསོ་ནད་སྐྱོང་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་དམ་འཛིན་ཏན་ཏིག་བྱས་པས་ད་ཐེངས་ཀྱི་གཤགས་བཅོས་ཡོངས་ལེགས་གྲུབ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་རོང་རྫོང་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གིས་སྨན་དོན་པའི་ལག་རྩལ་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་དམངས་ཕན་ཞབས་འདེགས་ཧུར་ཐག་ཞུས་ཤིང་། 2026ལོའི་ལོ་སྟོད་དུ། ཚན་ཁག་གིས་ཁྱོན་མིག་ནད་ཕོག་པའི་མང་ཚོགས་མི་ཐེངས་168ལ་སྨན་བཅོས་བྱས་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་མིག་ལ་སྲུང་སྐྱོང་བྱེད་པའི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་པས། ཚན་རིག་དང་མཐུན་པའི་སྒོ་ནས་མིག་ལ་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཏེ་འབྱུང་རྩ་ནས་མིག་ནད་ཐོན་ཚད་ཉུང་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།