དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.5བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-13

    གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་ལས་གྲྭ་གལ་ཆེན་རབ་དང་རིམ་པའི་སྐུལ་ཁྲིད་འོག རང་རྒྱལ་གྱི་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་མཐོ་པོ་རྒྱུན་འཁྱོངས་བྱས་ཤིང་། ལོ་སྟོད་དུ་མ་འཇོག་སྒོར་དུང་ཕྱུར་ཁྲི་1.5ལེགས་སྒྲུབ་བྱས་པའི་ནང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་གྱིས་མ་འཇོག་སྒོར་དུང་ཕྱུར་ཁྲི་1.0དང་སྒོར་དུང་ཕྱུར་1099སོ་སོར་ལེགས་སྒྲུབ་བྱས་ཡོད།

    ཟོག་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་ཞིང་། ལོ་སྟོད་དུ་ཚོང་གཉེར་རང་བཞིན་གྱི་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར་280.7ཟིན་པ་དེ་དུས་མཚུངས་ལས་3.2%འཕར་ཡོད།

    གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་བརྟན་ཁྲོད་ཡར་འཕར་བྱུང་ཞིང་། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲུ་ཁས་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་90.7ཟིན་པ་དེ་དུས་མཚུངས་ལས་2.0%འཕར་ཡོད། དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་དུང་ཕྱུར་1.8ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ཡོད།

    མི་སྣ་འཁོར་རྒྱུག་བྱེད་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་ཅིང་། ལོ་སྟོད་དུ་ས་ཁོངས་སྒྲོལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་341.7ཟིན་པ་དེ་དུས་མཚུངས་ལས་1.2%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།