ལོ་སྟོད་དུ་དྲ་སྦྲེལ་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་10.1%འཕར་བ།
ཁེ་སྤོགས་དངུལ་འབོར་དང་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་ཚང་མ་གྲངས་གནས་གཉིས་འཕར་བ།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ཁེ་ལས(གཤམ་དུ“དྲ་སྦྲེལ་ཁེ་ལས”ཞེས་བསྡུ་རྒྱུ)ལ་དྲ་སྦྲེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་10675བྱུང་བ་དེ་དུས་མཚུངས་ལས་10.1%འཕར་ཡོད་པ་རེད།
ལོ་སྟོད་དུ་ཁེ་སྤོགས་དངུལ་འབོར་འཕར་ཚད་ཇེ་མགྱོགས་སུ་ཕྱིན་ཞིང་། དྲ་སྦྲེལ་ཁེ་ལས་ལ་ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་989.9བྱུང་བ་དེ་དུས་མཚུངས་ལས་16.6%འཕར་བ་དང་། འཕར་ཚད་ཟླ་དང་པོ་ནས་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་6.9མཐོ་རུ་ཕྱིན་ཡོད། ཞིབ་འཇུག་གསར་སྤེལ་ལ་བཏང་བའི་འགྲོ་གྲོན་བརྟན་པོ་འཕར་བ་དང་། དྲ་སྦྲེལ་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་ཁྱོན་སྒོར་དུང་ཕྱུར་595.5བཏང་བ་དེ་དུས་མཚུངས་ལས་14.1%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།