ཕྱོགས་བདུན་གྱི་ཐད་ནས་གྲོང་གསེབ་སློབ་མའི་འཚོ་བཅུད་བཟའ་བཅའི་སྐོར་ལ་གཏན་འབེབས་བྱས་པ།
ཀན་སུའུ་ཡིས་གྲོང་གསེབ་སློབ་མའི་བདེ་ཐང་ཆུ་ཚད་མཐོ་རུ་བཏང་བ།
ཉེ་ཆར། ཀན་སུའུ་ཡིས《གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཏོན་ནས་འགན་སྲུང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། འོས་སྐུལ་ཉོ་སྒྲུབ་ཚད་ལྡན་དུ་གཏོང་བ། བཟའ་བཅའ་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་བ། ཟ་ཁང་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ། མ་དངུལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས་7གྱི་ཐད་ནས་གྲོང་གསེབ་སློབ་མའི་འཚོ་བཅུད་བཟའ་བཅའི་སྐོར་ལ་གཏན་འབེབས་བྱས་ཏེ། གྲོང་གསེབ་སློབ་མའི་འཚོ་བཅུད་གནས་ཚུལ་ལེགས་སུ་དང་གྲོང་གསེབ་སློབ་མའི་བདེ་ཐང་ཆུ་ཚད་མཐོ་རུ་བཏང་བ་རེད།
ལག་བསྟར་ཁྱབ་ཁོངས་ནས་བལྟས་ན། ཀན་སུའུ་ཡིས་གོ་རིམ་དབྱེ་ནས་ཞིང་ཆེན་ནང་ཁུལ་གྱི་རྒྱལ་ཁབ་འཆར་འགོད་ས་ཁུལ་གྱི་རྫོང་གྲོང་གི་འོས་འགན་སློབ་གསོའི་སློབ་གྲྭ་དག་ས་གནས་འཆར་འགོད་ས་ཁུལ་གྱི་ལག་བསྟར་ཁྱབ་ཁོངས་སུ་བཅུག་པ་དང་། 2026ལོའི་སྟོན་དུས་སློབ་དུས་ནས་བཟུང་། རྫོང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ནང་གི་ཞག་སྡོད་སློབ་མ་བཅུག་པ་རེད།
བཟའ་བཅའ་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད། སློབ་གྲྭའི་ཟ་ཁང་ལ་སྤྱི་ཕན་རང་བཞིན་དང་ཁེ་གཉེར་རང་བཞིན་མིན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རང་བརྟེན་གཉེར་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་ལས་ཕྱི་ཕྱོགས་སུ་འགན་གཙང་སྤྲོད་པའམ་ཡང་ན་གཉེར་སྐྱོང་མངགས་བཅོལ་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད། ས་གནས་ཁག་གིས་ཟ་མ་ཟ་མཁན་སློབ་མའི་མི་གྲངས་དང་བསྡུར་གྲངས་1:100ལས་མི་དམའ་བའི་བསྡུར་ཚད་གཞིར་བཟུང་སློབ་གྲྭའི་ཟ་ཁང་གི་ལས་གཉེར་བ་འདང་ངེས་བཀོད་སྒྲིག་བྱེད་དགོས་པ་དང་། སློབ་གྲྭས་གཏན་འབེབས་གཞིར་བཟུང་བཟའ་བཅའི་བདེ་འཇགས་མི་སྣ་བཀོད་སྒྲིག་དང་། མི་500དང་དེ་ཡན་གྱི་སློབ་གྲྭའི་ཟ་ཁང་ལ་ད་དུང་བཟའ་བཅའི་བདེ་འཇགས་ལས་དོན་གྱི་འགན་འཁུར་མཁན་སློབ་སྤྱི་གཞོན་པའམ་ཡང་ན་ལས་གནས་གཅིག་མཚུངས་ཀྱི་མི་སྣས་འགན་འཁུར་བའི་བཟའ་བཅའི་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་བཀོད་སྒྲིག་བྱེད་དགོས།
མ་དངུལ་ལྟ་འདོམས་ཐད། སློབ་གྲྭའི་བཟའ་བཏུང་དོ་དམ་དེ་ཉིད་ཞིང་ཆེན་ཡོངས་ཀྱི“སློབ་གྲྭའི་བཟའ་བཅའི”རིག་ལྡན་ལྟ་འདོམས་མ་ལག་ནང་རིམ་བཞིན་འཇུག་དགོས་པའི་བླང་བྱ་བཏོན་ཡོད། རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་ནོར་སྲིད་སྡེ་ཚན་གྱིས་དངོས་ཡོད་གནས་ཚུལ་གཞིར་བཟུང་ཁ་གསབ་རོགས་དངུལ་སྤྲོད་པ་དང་། སློབ་གྲྭའི་བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་གྲོན་དངུལ་དུས་ཐོག་ཏུ་དངོས་ཟོག་མཁོ་འདོན་ཁེ་ལས་ལ་སྤྲད་དེ། མ་དངུལ་ཐད་ཀར་འབྱོར་བ་དང་གདུབ་ཟུམ་འཁོར་རྒྱུག་ཐུབ་པར་བྱེད་དགོས།
གདེང་འཇོག་ལམ་སྲོལ་ཐད། སློབ་གྲྭར་བཟའ་བཅའི་ལྟ་སྐུལ་གྱི་ཁྱིམ་བདག་ཨུ་ལྷན་བཙུགས་ནས་ཁྱིམ་བདག་གི་འཐུས་མི་བཟའ་བཅའི་གྲོན་དངུལ་དོ་དམ་བེད་སྤྱོད་དང་། བཟའ་བཅའི་བདེ་འཇགས། འོས་སྐུལ་ཉོ་སྒྲུབ། སྤུས་ཚད་གདེང་འཇོག བདེ་འཇགས་ཞིབ་བཤེར། གཏོང་ཡོང་ཡོངས་བསྒྲགས་སོགས་ཀྱི་དོན་གནད་ལ་ལྟ་སྐུལ་བྱེད་པར་གདན་དྲངས་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།