དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རིག་གནས་དམངས་ཕན། ལྟ་འདོད་ལ་ཉན་སྤྲོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-13

    འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཁའེ་ཀྲོའུ་ཆུས་ཅུས་ཙི་ཡོན་མཚེའུའི་མཛེས་ལྗོངས་ཀྱི་འཕྲང་ལམ་དུ“སྒོར་མོ་གཅིག་གི་ཟློས་གར་ཁང”གི་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི་སི་ཁྲོན་ཞིང་ཆེན་ཧྭ་དབྱིང་གྲོང་ཁྱེར་གློག་བརྙན་སྟོན་མཁན་རུ་ཁག་གི་རུ་མིས་གློག་བརྙན་སྟོན་བཞིན་པ།

    ཉེ་ཆར། རིག་གནས་དམངས་ཕན་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་གཞི་རིམ་དུ་སྤྱི་པའི་རིག་གནས་ཞབས་འདེགས་ཞུས་པ་རེད།

    སི་ཁྲོན་ཞིང་ཆེན་ཧྭ་དབྱིང་གྲོང་ཁྱེར་གྱིས་གློག་བརྙན་སྟོན་མཁན་རུ་ཁག་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དང་། ཐང་ཆེན། སྤྱི་གླིང་བཅས་སུ་གྲོང་མི་ཚོར་གཏམ་རྒྱུད་གློག་བརྙན་དང་། ཚན་སློབ་གློག་བརྙན། གློག་འཕྲིན་ཁ་བསླུས་འགོག་རྒོལ་དྲིལ་བསྒྲགས་གློག་བརྙན་བཅས་བསྟན་ནས་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པར་བྱས་ཏེ་སྡེ་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་རེད། ཁྲུང་ཆིང་གྲོང་ཁྱེར་ཁའེ་ཀྲོའུ་ཆུས་ཀྱིས“སྒོར་མོ་གཅིག་གི་ཟློས་གར་ཁང”གི་བྱེད་སྒོ་སྤེལ་ཞིང་། གྲོང་མི་ཚོས་ལེ་ཚན་རང་རྩོམ་རང་འཁྲབ་བྱས་ཏེ་རེས་མོས་ངང་གར་སྟེགས་སུ་འཁྲབ་སྟོན་བྱས་པ་རེད། བྱེད་སྒོའི་ཐོག“སྤ་སེའི་རིན་གོང་སྒོར་1”བྱས་ནས་གྲོང་མི་དཀྱུས་མ་གར་སྟེགས་ཀྱི་འཁྲབ་སྟོན་པ་གཙོ་བོར་འགྱུར་བར་བྱས་ཏེ་སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།