རྒྱལ་སྲུང་པུའི་དམག་བསྡུ་གཞུང་དོན་ཁང་གིས་དམག་བསྡུའི་ལས་དོན་པའི་ལས་རིགས་ཀྱི་ཀུན་སྤྱོད་ཚད་གཞི་བཀྲམ་པ།
ཉེ་ཆར། རྒྱལ་སྲུང་པུའི་དམག་བསྡུ་གཞུང་དོན་ཁང་གིས《དམག་བསྡུའི་ལས་དོན་པའི་ལས་རིགས་ཀྱི་ཀུན་སྤྱོད་ཚད་གཞི》བཀྲམ་སྟེ་ནང་དོན་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་དང་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ཚད་གཞིའི་ནང་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློ་ཀུན་སྤྱོད་ཀྱི་དག་ཐེར་བྱེད་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། དམག་བསྡུའི་ལས་དོན་གྱི་དོན་དངོས་ལ་དམིགས་པ་དང་ལས་དོན་པའི་འགན་འཁྲི་སྒྲུབ་པ་དང་དབང་ཆ་སྤྱོད་པའི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། ཀུན་སྤྱོད་ཀྱི་མཐོ་ཚད་འཛུགས་པ་དང་ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ཡིན་པ་རེད།
ཚད་གཞིར་ཁྱོན་ཆ་ཤས་5ཡོད་པ་ལས་ཏང་ལ་བློ་དཀར་སེམས་དཀར་དང་སྤྱི་ཡོངས་བློ་ལ་བཅངས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ཡོངས་བསྒྲགས་ངང་ཤེས་ལྡན་པ་གདམ་གསེས་བྱེད་པ་དང་། རྒྱལ་སྲུང་བློ་ལ་འཆང་བ་དང་ཚད་གཞི་མཐའ་འཁྱོངས་བྱེད་པ། སྤྱོད་གཙང་རང་འདོམས་བྱེད་པ་དང་སྒེར་ཕན་དོན་གཉེར་མི་བྱེད་པ། མཐུན་སྒྲིལ་རོགས་ལས་དང་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བ་བཅས་ཀྱི་དམག་བསྡུའི་ལས་དོན་པའི་ལས་རིགས་ཀྱི་ཀུན་སྤྱོད་ཚད་གཞི་བཏོན་པ་མ་ཟད། ཕྱོགས་རེ་རེ་བཞིན་ཞིབ་ཕྲའི་ཀུན་སྤྱོད་ཀྱི་ཚད་གཞི་ཁག་25གསལ་པོ་བཟོས་ཏེ། རྒྱ་ཆེའི་དམག་བསྡུའི་ལས་དོན་པར་བླ་ན་མེད་པའི་རིན་ཐང་དོན་གཉེར་བརྟན་སྲུང་བྱེད་པ་དང་ནང་གནས་ཀྱི་སྟོབས་ཤུགས་ཞུན་བརྡར་ལ་སྣེ་ཁྲིད་བྱས་ནས་བཟང་བཀུར་རང་གཅུན་དང་རང་འགུལ་རང་འདོམས་ཐུབ་པར་བྱས་ཏེ་དམག་བསྡུའི་ལས་དོན་གྱི་སྲོལ་གསར་སྤྱོད་བཟང་རྒྱུན་མཐུད་གཏོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།