རྒྱལ་ཡོངས་ཀྱི་བུད་མེད་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མི་རིགས་མཐུན་སྒྲིལ་མཛའ་གྲོགས་འགྲན་བསྡུར་འགོ་ཚུགས་པ།
ཉེ་ཆར། “སེ་འབྲུའི་མེ་ཏོག་རབ་ཏུ་བཞད། གཞོན་ནུའི་ལང་ཚོ་རབ་ཏུ་ངོམ”ཞེས་པའི་རྒྱལ་ཡོངས་ཀྱི་བུད་མེད་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མི་རིགས་མཐུན་སྒྲིལ་མཛའ་གྲོགས་འགྲན་བསྡུར་ཤིན་ཅང་ཨ་ཁེ་སུའུ་རུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲན་བསྡུར་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་དང་། རྒྱལ་ཡོངས་ཀྱི་སྤོ་ལོ་རུ་ཁག་28ཞུགས་པ། མི་རིགས་མི་འདྲ་བ་17ནས་ཡིན་པའི་ལུས་རྩལ་པ་དེ་དག་ལོ་12ནས་14བར་གྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཤ་སྟག་རེད། ཉིན་ལྔའི་འགྲན་བསྡུར་རིང་མི་རིགས་ཁག་གི་གཞོན་ནུ་མ་ཚོས་ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་འགྲན་བསྡུར་འཁྲུག་པོ་བྱས་ཏེ་ལང་ཚོའི་ཉམས་འགྱུར་མངོན་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།