དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་སྲུང་གཏམ་རྒྱུད་སྙན། རྒྱལ་གཅེས་བློ་རྩ་བརྟན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-13

    ཝུའུ་ཧུའེ་ཡིས་སྔོན་ལ་རྒྱལ་དར་ཞིག་གི་གཏམ་རྒྱུད་བཤད། དེ་ནི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་བསྒྲེངས་མྱོང་བའི་སྐར་ལྔའི་དར་དམར་ཞིག་རེད། ད་ཆ་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཤང་སྟེ་ཕུ་མ་བྱང་ཐང་ཤང་དུ་གཅེས་ཉར་བྱས་ཡོད། ཁྲིད་སྟེགས་ཀྱི་གཤམ་དུ། སློབ་གོས་དཀར་པོ་གྱོན་པའི་བུ་ཞིག་གིས་སྐེ་བསྲིངས་ནས་བརྙན་ལམ་ནང་གི་རྒྱལ་དར་དེར་གསལ་པོར་བལྟས།

    པེ་ཅིང་གྲོང་ཤར་ཆུས་ཧྥུའུ་ཞུའེ་སྲང་ལམ་སློབ་ཆུང་གི་མི་ཆོས་སློབ་ཚན་གྱི་འཆད་སྟེགས་མདུན་དུ་ཉེན་རྟོག་པའི་ལས་གོས་གྱོན་པའི་བུད་མེད་ཉེན་རྟོག་པ་གསུམ་ལངས་ཡོད་པ་དང་། འཆད་སྟེགས་གཤམ་དུ་སྐེ་དར་དམར་པོ་བཏགས་པའི་ཕྲུ་གུ་བཅུ་ཕྲག་ཁ་ཤས་བསྡད་འདུག བུད་མེད་ཉེན་རྟོག་པ་ཚོ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་ནས་ཡིན་ལ། དེ་གའི་ཆ་སྙོམས་ས་བབ་སྨི་5373ཟིན་གྱི་ཡོད།

    མ་གཞི་འཆར་གཞིའི་ནང་ཐེངས་འདིའི་ཐུག་འཕྲད་བཀོད་སྒྲིག་བྱས་མེད། བུད་མེད་ཉེན་རྟོག་པ་གསུམ་ད་རེས་པེ་ཅིང་དུ་ཡོང་དོན་ནི་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིའི་སྔོན་ཐོན་དཔེ་མཚོན་བྱས་རྗེས་སྙན་ཞུའི་ཚོགས་འདུར་ཞུགས་ཆེད་ཡིན་པ་རེད། ཁོང་ཚོ་སྡོད་སའི་མངགས་གཏོང་ཁང་དེ་ལ་ད་ལོའི“ལྔ་བཞི”གཞོན་ནུའི་དུས་ཆེན་གྱི་སྔ་ནུབ་ཏུ་2026ལོའི་ལོ་འཁོར་གྱི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་དང་། ཧྥུའུ་ཞུའེ་སྲང་ལམ་སློབ་ཆུང་གི་སློབ་ཕྲུག་ཚོས་སློབ་གྲྭའི་སྐེ་དར་དམར་པོའི་བརྙན་འཕྲིན་ཁང་གིས་བསྟན་པའི་ཕུ་མ་བྱང་ཐང་གི་མཐའ་སྲུང་དངོས་མཚོན་གློག་བརྙན་ཞིག་ལ་བལྟས་རྗེས་གཞི་ནས་ཡི་གེ་བསྐུར་ཏེ་གངས་ལྗོངས་མཐའ་མཚམས་སྲུང་མཁན་མི་དམངས་ཉེན་རྟོག་པ་དང་བརྙན་ལམ་སྦྲེལ་མཐུད་བྱ་རྒྱུའི་རེ་བ་ཞུས་པ་རེད། འཕྲིན་ཡིག་དེ་སྣ་དཀར་རྩེ་རྫོང་མི་དམངས་སྲིད་གཞུང་གི་དྲ་ཚིགས་བརྒྱུད་བསྐུར་རྗེས་བོད་ལྗོངས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་དྲ་ཐོག་ནས་བརྙན་ལམ་སྦྲེལ་རྒྱུ་དེ་དྲ་གཤམ་ནས་དངོས་སུ་ཐུག་འཕྲད་ལ་བསྒྱུར་པ་རེད།

    ཝུའུ་ཧུའེ“ལྕགས་ཀྱི་ཐོ་བ་ཐོན་ཤོག”ཏུ་དམག་མི་བྱེད་མྱོང་ཡོད། 2024ལོའི་ཟླ་གཉིས་པར་ཁོ་མོས་རང་འགུལ་ངང་ཕུ་མ་བྱང་ཐང་ཤང་དུ་ལས་སྒྱུར་རེ་ཞུ་བྱས། ཁོ་མོས་དཀའ་སྡུག་གི་ཚིག་གཅིག་ཀྱང་མ་བརྗོད་པར་སྐོར་གཡེང་བྱེད་སྐབས་ལུས་དང་འབྲལ་མེད་དུ་འཁྱེར་བའི་རྒྱལ་དར་དེ་རླུང་བུ་དང་འགྲོགས་ནས་ལྷབ་ལྷུབ་ཏུ་གཡོ་བར་བྱེད་ཀྱི་ཡིན་ཞེས་བཤད།

    ལི་ཧུང་ཡན་གྱིས། རང་ཉིད་ཀྱིས་ལས་སྒྲུབ་ཀྱི་ཞོར་དུ་ཕུ་མ་བྱང་ཐང་གི་ཕྲུ་གུ་ཚོ་དང་མཉམ་དུ་གྱང་ངོས་སུ་རི་མོ་འབྲི་བ་སོགས་བྱེད་ཀྱི་ཡོད། ས་བབ་མཐོ་ཞིང་ཁ་བ་བུ་ཡུག་འཚུབ་ཀྱང་ས་མཐོའི་ཕྲུ་གུ་ཚོའི་སེམས་ཁོང་གི་རེ་བའི་མེ་ལྕེ་ནམ་ཡང་གསོད་མི་ཐུབ་ཅེས་བཤད།

    ལི་ཐེན་ཅའོ་ཡི་ཁྱིམ་ཉིང་ཁྲིར་ཡོད་ལ་ཁོང་ནི“བོད་སྐྱོད་མི་རབས་གཉིས་པ”རེད། ཁོང་གིས་བརྙན་སྟོན་འཕྲུལ་ཆས་ཁ་ཕྱེ་ནས་པར་ཁག་གསུམ་སྟེ། མི་དམངས་ཉེན་རྟོག་པས་འབྲོག་པར་ཅ་ལག་དབོར་རོགས་བྱེད་པ་དང་། ས་མཐོའི་རོགས་སྐྱོབ་ཐེངས་གཅིག མཚན་མོར་སྐོར་གཡེང་བྱེད་སྐབས་གློག་སྒྲོན་གྱིས་གསལ་བའི་མཐའ་མཚམས་ལམ་ཐིག་བཅས་ཡིན་ཞིང་། འདྲ་པར་ནང་གི་མི་ཚང་མས་སྲིང་བལ་གྱི་ལྭ་བ་མཐུག་པོ་གྱོན་ཞིང་གདོང་གཤིས་སྨུག་པོར་གྱུར་འདུག

    སློབ་ཚན་གྲོལ་རྗེས་ཕྲུ་གུ་ཚོས“ཁྱེད་ཚོ་ས་བབ་ཧ་ཅང་མཐོ་བའི་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་ཉིན་མཚན་དབྱེར་མེད་དུ་མེས་རྒྱལ་གྱི་མཐའ་མཚམས་སྲུང་གི་ཡོད། ངས་མཐའ་སྲུང་མི་དམངས་ཉེན་རྟོག་པ་མིག་དཔེར་བཟུང་ནས་སློབ་སྦྱོང་ཧུར་ཐག་དང་བློ་སྟོབས་ལ་སྦྱོང་བརྡར་བྱས་ཏེ་འཚར་ལོངས་བྱུང་རྗེས་མེས་རྒྱལ་འཛུགས་སྐྲུན་ནང་ཞུགས་ནས་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བྲིས་པ་རེད།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།