དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ས་ཁོངས་ཧྲིལ་པོའི་གདུབ་ཟུམ་སྡེ་ལས་བཅོས་སྐྱོང་མ་ལག་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-13

    ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་སྡེ་ལས་ཞབས་ཞུའི་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་བྱས་འབྲས་སྐོར་གྱི་ས་གནས་ས་ཐོག་གི་ལྟ་སྦྱོང་ཚོགས་འདུ་དང་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་སྡེ་ལས་བཅོས་སྐྱོང་དེ“ཏང་ཙུའི་ཧྲུའུ་ཅིའི་འདུ་འགོད”ཅིག་ལ་བརྩིས་ཏེ། གོང་རིམ་གྱི་བཀོད་སྒྲིག་ལ་གཞིགས་ནས་བཅོས་སྐྱོང་ལས་དོན་གྱི་རྩེ་རིམ་སྒྲོམ་གཞི་གཏོད་པ་དང་། “ཞིང་ཆེན་རིམ་པས་སྤྱི་འདོམས་དང་། གྲོང་ཁྱེར་དང་ཀྲོའུ་ཡིས་མཉམ་འགུལ། གཞི་རིམ་དུ་དོན་འཁྱོལ”བཅས་ཀྱི་རིམ་གསུམ་བཅོས་སྐྱོང་འཁོར་འབྲེལ་འཛུགས་པ། ཐིང་རིམ་པའི་འགོ་ཁྲིད་ཀྱིས་ཆ་བགོས་འགན་ལེན་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་དོན་འཁྱོལ་བྱེད་པ། སྔ་རྗེས་སུ་ཕྱོགས་ཡོངས་ལ་ཁྱབ་པའི་གཏིང་སྐྱོད་ལྟ་སྐུལ་མཛུབ་ཁྲིད་རེས་སྐོར་13བཅས་བྱས་ནས་ས་ཁོངས་ཧྲིལ་པོའི་གདུབ་ཟུམ་སྡེ་ལས་བཅོས་སྐྱོང་མ་ལག་བསྐྲུན་པ་རེད།

    ད་ལོའི་རྒྱལ་ཡོངས་ཀྱི་དམངས་འཚོའི་དོན་ཆེན་བཅུའི་གྲས་ཤིག་ཡིན་པའི་སྡེ་ལས་ཀྱི་ཟང་ཟིང་ཆེ་བའི་གནད་དོན་བཅོས་སྒྲིག་ལས་དོན་ནི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཡོ་བཅོས་བྱེད་པའི་རྩ་བའི་དམ་འཛིན་བྱ་གཞི་ཞིག་རེད། ལས་དོན་སྤེལ་ཚུན། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཞིང་ཆེན་ཡོངས་སུ་སྡོད་ཁང་ཁུལ་ཆུང་གི་ཁུལ་ཡོངས་ལ་མཐིལ་རྟོགས་བྱས་ནས་ཡིག་ཚགས་བཟོས་པ་དང་ཁུལ་ཆུང་5467གྱི་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཤིང་། མིག་སྔར་ཆེད་ལས་ཅན་གྱི་སྡེ་ལས་ཁྱབ་ཚད་54.18%ཟིན་ཡོད། སྐབས་བསྟུན་དོ་དམ་གྱི་ཟུར་བཙུགས་རྩིས་ཁྲ་གསུམ་དུས་གཅིག་ཏུ་བཟོས་ནས་ཆེད་ལས་སྡེ་ལས་ཁུལ་ཆུང་2962ལ་གྲལ་བཤེར་བྱས་པ་དང་། ཆེད་ལས་མིན་པའི་སྡེ་ལས་ཁུལ་ཆུང་710ལ་གྲལ་བཤེར་བྱེད་འགོ་བཙུགས་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་6287གསེད་བཀྲོལ་བྱས་པ། ཞུ་གཏུག་རྒྱག་མཁན་མང་བའི་ཁུལ་ཆུང་55ལ་སྒོ་བྱང་བཀལ་ནས་འགག་སྒྲོལ་དང་སྐབས་བསྟུན་གཙང་སེལ་བྱས་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་དོན་ཚན་ཚང་མ་བསྒྲུབས་ཟིན་པ་དང་ས་ཁོངས་ཧྲིལ་པོའི་གནད་དོན་སྤྱི་ཡོངས་བཅོས་སྒྲིག་ཐུབ་ཚད་83%ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།