གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ཀྱི་ནང་རྫིག་པོ་བྱུང་ན་ཕྱི་མཛེས་པོ་ལོས་ཡོང་།
དབྱང་ཅུན་ལུའུ།
ཉེ་ཆར། འདི་ག་ཚགས་པར་གྱིས་གནའ་གྲོང་གི་ཁྲོམ་གཞུང་སྒྱུར་བཀོད་ཞིབ་ཚགས་དང་། གྲོང་ཁྱེར་གྱི་ས་འོག་མདོང་ལམ་འཛུགས་སྐྲུན་སྐོར་གྱི་འཕྲིན་སྤེལ་གཉིས་སྤེལ་ཡོད། དེ་གཉིས་ལས་གཅིག་གིས་ཕྱི་ངོས་ལས་གྲྭ་དང་གཅིག་གིས་ནང་ངོས་སྒྲིག་བཀོད་གླེང་ནས་གྲོང་ཁྱེར་གསར་སྒྱུར་གྱི་བརྗོད་གཞི་གཙོ་བོ་བསྟན་པ་སྟེ། ཕྱིའི་རྣམ་པ་ཡག་པོ་དགོས་པ་སྨོས་མི་དགོས་ཀྱང་། ནང་མཛེས་པོའི་སྒྲིག་བཀོད་འཐུས་ཚང་དགོས་པ་ནི་རྩ་བ་ཡིན་པ་རེད།
“ཕྱི་རྫིག་པོ”ནི་གྲོང་ཁྱེར་གྱི་གཟུགས་བརྙན་དང་འབྲེལ་བ་ཡོད་པ་དང་། “ནང་མཛེས་པོའི་སྒྲིག་བཀོད”ནི་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པས། དེ་གཉིས་ཕན་ཚུན་རྩོད་སྒྲུབ་ཀྱི་གཅིག་གྱུར་ཡིན་ཞིང་། ལྷག་ཏུ“ནང་མཛེས་པོའི་སྒྲིག་བཀོད”ནི་སྔོན་འགྲོ་དང་རྨང་གཞི་ཡིན། ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་པའི་ལྷ་སའི་གཙང་སྦྲ་དོད་པའི་ཁྲོམ་གཞུང་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་བཟོའི་ཁང་པ་ནི་གྲོང་ཁྱེར་གྱི་ཁྱད་ཆོས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་རེད། ཡིན་ནའང་། དེ་སྔའི་ཁྲེང་ཀོན་ཆུས་ཀྱི་སྒོ་ར་རྙིང་པ་དང་སྲང་ལམ་རྙིང་པ་ཁག་གཅིག་ཏུ་ཆུ་མདོང་རྙིང་པ་ཆགས་པ་དང་ཆུ་འབུད་ཁག་པོ་ཡོད་པས། གྲོང་ཁྱེར་གྱི“ཁྲག་རྩ་ཕྲ་མོ”འདི་རིགས་ཀྱི་ཞན་ཆས་མང་ཚོགས་ཀྱི་འཚོ་བའི་སྤུས་ཀར་ཐད་ཀར་སྐྱོན་རྒྱག་གི་ཡོད།
2025ལོར། ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་གྱི་སྤུས་ཚད་འགག་སྒྲོལ་ལོ་དམ་འཛིན་བྱ་གཞིར་བྱས་ཏེ“སྔོན་ལ་ས་འོག་དང་དེ་ནས་ས་སྟེང་དང་། སྔོན་ལ་བྱེད་ནུས་དང་དེ་རྗེས་མཛེས་ལྗོངས”ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་མདོང་ལམ་སྣ་ཚོགས་གསར་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ཆར་ཆུ་དང་ཆུ་སྙིགས་གཤོང་འབུད་ལེགས་སུ་གཏོང་བ། འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁུལ་རྙིང་པའི་ས་འོག་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་བཅས་བྱས་ཏེ་ལྷ་སའི“ནང་མཛེས་པོའི་སྒྲིག་བཀོད”ལས་གྲྭ་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།