དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་གྱིས་ས་མཐོའི་དམའ་དབྱིངས་དཔལ་འབྱོར་གྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-13

    ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་དམའ་དབྱིངས་དཔལ་འབྱོར་དེ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པའི་འཐབ་ཇུས་ཀྱི་དམ་འཛིན་བྱ་གཞིར་བརྩིས་ནས། ས་མཐོའི་དམིགས་བསལ་གྱི་མཁའ་ཁོངས་ཆ་རྐྱེན་ལ་བརྟེན་ཏེ་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི“མཐོ་ས་གསར་པ”ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་བོད་སྐྱོར་ཐོན་ཁུངས་ལ་བརྟེན་ནས་ས་མཐོའི་མི་མེད་གནམ་གྲུའི་ཞིབ་འཇུག་གསར་སྤེལ་ཁེ་ལས་ནང་འདྲེན་བྱས་ཏེ་ས་བབ་མཐོ་སར་མི་མེད་གནམ་གྲུ་ཡུན་རིང་འཕུར་སྐྱོད་དང་། གྲོག་རོང་དུ་འཕྲིན་གཏོང་ཐུབ་པ། དྲོད་ཚད་དམའ་བའི་སྒུལ་ཤུགས་སྣོན་པ་སོགས་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་བྱས་ཡོད། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི“རྒྱལ་ཁབ་རིམ་པའི་སློབ་ཚོགས་ཞབས་ཞུའི་ས་ཚིགས”ལྷོ་ཁར་བཙུགས་པ་དང་། “ས་མཐོ་ཡང་མཐོའི་མི་མེད་མཁའ་འགྲུལ་ཡོ་ཆས་ཞིབ་འཇུག་ཁང”དང“འཕུར་སྐྱོད་ཡོ་ཆས་ཚོད་འཛིན་གཞི་གཅིག་ཅན་གྱི་ལག་རྩལ་གསར་གཏོད་ལྟེ་གནས”སོགས་ནུས་ཆེའི་རིམ་པའི་ལས་སྟེགས་སྔ་རྗེས་སུ་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།