དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དབྱར་གསེང་འཚོ་བ་སྤྲོ་སྣང་དོད། ཤེས་བྱའི་རྒྱ་མཚོར་རྐྱལ་རྩལ་འགྲན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-13

    འདི་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཡུས་ཧྭ་ནུབ་ལམ་སློབ་ཆུང་གི་དབྱར་གསེང་བཅོལ་ཉར་འཛིན་གྲྭར་སློབ་མས་ཁྲང་ཞིའི་བརྗོད་དོན་གཙོ་བོའི་རླུང་གཡབ་བཟོ་བཞིན་པ།

    འདི་ནི་ཁྲུང་ཆིང་མཐོ་གསར་ཁུལ་ཧུའུ་ཤིས་ཁྲོམ་གཞུང་ཞུའེ་ཀྲི་སྡེ་ཁུལ་དུ་གྲོགས་པོ་ཆུང་ཆུང་ཚོས་སྡེ་ཁུལ་གྱི་དཔེ་དེབ་ཁང་དུ་དཔེ་དེབ་ལྟ་ཀློག་བྱེད་བཞིན་པ།

    འདི་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་མཚོ་དམག་འགྲེམས་སྟོན་ཁང་དུ་སློབ་མ་ཚོ་དབྱར་གསེང་གི་མཚོ་དམག་གི་བརྗོད་དོན་གཙོ་བོའི་ཞིབ་སྦྱོང་བྱེད་སྒོར་ཞུགས་བཞིན་པ།

    འདི་ནི་ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་དུ་བཟོ་ལས་ཞིབ་སྦྱོང་བྱེད་སྒོར་ཞུགས་པའི་སློབ་མས་འཕྲུལ་མིས་རྐང་རྩེད་སྤོ་ལོ་རྒྱག་པར་ལྟ་བཞིན་པ།

    འདི་ནི་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་གྱི“ངལ་རྩོལ་དཔེ་བཟང་གཅེན་མོའི་གཅེས་སེམས་བཅོལ་ཉར་འཛིན་གྲྭའི”ཚན་རིག་ཁྱབ་གདལ་སློབ་ཁང་དུ་དང་བླངས་པས་ཚན་རིག་ཁྱབ་གདལ་གྱི་སློབ་ཆས་ལ་བརྟེན་ནས་ཕྲུ་གུ་ཚོར་མེ་ཏོག་སྐོར་གྱི་ཤེས་བྱ་ཁྲིད་སྟོན་བྱེད་བཞིན་པ།

    དབྱར་གསེང་རིང་གི་པར་རིས་དག་ལས་དབྱར་གསེང་གི་རིག་གནས་འཚོ་བའི་ངོ་མཚར་ཆེ་བའི་རྣམ་པ་མངོན་པ་སྟེ། བྱ་བ་ཆུང་ཙག་རེ་རེ་ལས་མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་ཀྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་དང་། ཞིབ་སྦྱོང་ལམ་དུ་སྐྱོད་སྐབས་ཤེས་སྦྱོར་གཅིག་མཐུན་ཁྲོད་ནས་མཐོང་རྒྱ་ཆེ་རུ་ཕྱིན་པ། “གཅེས་སེམས་བཅོལ་ཉར”འཛིན་གྲྭར་སྐྱོད་སྐབས་སྤྲོ་འཕེལ་གྱི་ལྟ་ཀློག་དང་སྒྱུ་རྩལ་གྱི་བློ་འབྱེད་སོགས་གང་སར་མཐོང་རྒྱུ་ཡོད།

    དབྱར་གསེང་རིང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ལ་བརྟེན་ནས་སེམས་ཁམས་ལ་སྦྱོང་བརྡར་སྤྲས་ཡོད། རེག་ཚོར་ཐུབ་པའི་རིག་གནས་ཉམས་ལེན་རེ་རེ་ལས་ལོ་ཆུང་བྱིས་པའི་གུང་གསེང་ལ་བསམ་བློའི་སྟོབས་ཤུགས་ཕུན་སུམ་ཚོགས་པོ་བསྣན་ཡོད་ལ། སྤྱི་པའི་རིག་གནས་ཞབས་ཞུའི་དམངས་འཚོའི་དྲོ་སྐྱིད་ཀྱང་མངོན་ནས་རིག་གནས་ཀྱི་འོད་ཟེར་ཕྲུ་གུ་ཚོའི་འཚར་ལོངས་ཀྱི་ལམ་བུར་འཕྲོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།