དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡར་ས་ཡོམ་དྲག་པོ་བརྒྱབ་པར་ཁོ་ལོམ་པི་ཡའི་ཙུང་ཐུང་ཏེ་ལ་ཨའེ་སི་ཕུའུ་ལེ་ཡར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡར་ས་ཡོམ་དྲག་པོ་བརྒྱབ་པར་ཁོ་ལོམ་པི་ཡའི་ཙུང་ཐུང་ཏེ་ལ་ཨའེ་སི་ཕུའུ་ལེ་ཡར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཁོ་ལོམ་པི་ཡར་ས་ཡོམ་དྲག་པོ་བརྒྱབ་ནས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བྱུང་བ་ཐོས་སྐབས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཏེ་ལ་ཨའེ་སི་ཕུའུ་ལེ་ཡ་ཙུང་ཐུང་གིས་འགོ་ཁྲིད་གནང་བའི་ཁོ་ལོམ་པི་ཡ་སྲིད་གཞུང་གི་སྣེ་ཁྲིད་འོག་ཁོ་ལོམ་པི་ཡའི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ནས་སྔ་ཙམ་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།