དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་མང་པོས་མཉམ་དུ《སྐྱེ་ཁམས་སྲུང་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སྐྱེ་ཁམས་ཁོར་ཡུག་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་སོགས་སྡེ་ཚན་གྱིས་མཉམ་དུ་བཀྲམ་པའི《སྐྱེ་ཁམས་སྲུང་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནང་། 2030ལོར་སླེབས་སྐབས་སྐྱེ་ཁམས་བར་མཐོངས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཀྱི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་ཉམས་ཚུལ་ཞི་ལྷོད་ངེས་ཅན་གཏོང་བ། སྤུས་ལེགས་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལྟ་འདོམས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཡོང་བར་བྱེད་དགོས་ཞེས་བཏོན་ཡོད།

    འདི་ནི་ཚེས་11ཉིན་གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

    འཆར་འགོད་དེའི་ནང་ད་དུང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཞིབ་ཕྲའི་དམིགས་ཚད་མང་པོ་བཏོན་པའི་ནང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐམ་སའི་ཁུལ་གྱི་རྒྱ་ཁྱོན་གྱིས་སྐམ་སའི་ཁུལ་གྱི་་རྒྱལ་ཁབ་ས་ཆའི་18%ལས་མི་དམའ་བ་དང་། སྐྱེ་ཁམས་སྤུས་ཚད་སྟོན་གྲངས(EQI)86.5བར་མཐོ་རུ་འགྲོ་རྒྱུ། ས་ཆུ་སྲུང་འཛིན་བྱེད་ཚད་74%ཡན་ཟིན་རྒྱུ། ནགས་ཚལ་ཁེབས་ཚད་25.8%ཟིན་རྒྱུ་བཅས་ཚུད་ཡོད།

    འཆར་འགོད་ནང་སྐྱེ་ཁམས་བར་མཐོངས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལྟ་འདོམས་ཀྱི་གཙོ་གནད་ས་ཁོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། རང་བྱུང་སྲུང་སྐྱོང་ཁུལ། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྔོན་སྤེལ་ཁུལ། དེ་བཞིན“བྱང་གསུམ”ལས་གྲྭའི་ཁུལ་སོགས་ལ་སྤྱིར་ན་ཁྱབ་པ་བྱ་རྒྱུ་ཁ་གསལ་བཏོན་ཡོད།

    སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བའི་སྐོར་ལ། འཆར་འགོད་ནང་རང་བྱུང་སྐྱེ་ཁམས་མ་ལག་སོར་ཆུད་སྐྱེ་འཕེལ་ཁྱབ་གདལ་གཏོང་བ་དང་། སྐྱེ་ཁམས་མ་ལག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་སྡོད་མལ་གྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་ཕྱོགས་གསུམ་ཐད་ཀྱི་ལས་འགན་བཀོད་སྒྲིག་བྱས་ཡོད། འཆར་འགོད་ནང་རྩྭ་ཐང་དང་། ནགས་ཚལ། གཙང་པོ་དང་མཚོ། འདམ་ར་སོགས་སྲུང་སྐྱོང་བྱེད་པར་གཏན་འབེབས་བྱས་པ་མ་ཟད། གདོད་མའི་ཐང་རྒོད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཁྱགས་རོམ་དང་། གངས་རི། འཁྱགས་ས་བཅས་ཀྱི་མ་ལག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། དཔེ་མཚོན་གྱི་རྒྱ་མཚོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱ་མཚོ་སྐོར་གསུབ་སོགས་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱེད་དགོས་པ་སོགས་བཏོན་ཡོད། དེ་དང་ཆབས་ཅིག་འཆར་འགོད་ནང་གྲོང་ཁྱེར་གྱི་སྔོ་ལྗང་ཁུལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་གླིང་དང་སྔོ་ལྗང་ཁུལ་གྱི་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་འདམ་རའི་མ་ལག་དང་ཆུའི་ཁོར་ཡུག་སླར་གསོར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཆུ་ཕྲན་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་རི་དང་ཞིང་ཁ་དང་། གཙང་པོ། མཚོ། འདམ་ར་བཅས་ཀྱི་གདོད་མའི་རྣམ་པར་སྲུང་སྐྱོང་བྱེད་པ། གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་བཟོ་ལག་བསྟར་གཏིང་ཟབ་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།

    འཆར་འགོད་ནང་ད་དུང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཀྱི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་གི་ལྟ་སྐུལ་ཁྲིམས་སྒྱུར་ནན་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།