ཞོ་སྟོན་རིང་ཕྱིར་བསྐྱོད་ན་སྔོན་ལ་གནམ་གཤིས་སྔོན་བརྡ་འདི་གཟིཌ་རོགས།
གཟའ་འཁོར་འདི་ལ་ཞོ་སྟོན་གྱི་ངལ་གསོ་འཁེལ་གྱི་ཡོད། ད་འོ་ན་མ་འོངས་ཉིན་འདི་དག་རིང་ལྷ་སའི་གནམ་གཤིས་གང་འདྲ་ཡོད་དམ་ཞེ་ན། གསར་འགོད་པར་ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། མ་འོངས་ཉིན་བཅུའི་རིང་ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་རྒྱུ་དང་། སྐབས་འགར་ས་ཆ་ཁག་གཅིག་ལ་ཐོལ་ཆར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ། ཚེས་15ནས་17ཉིན་བར་ས་ཆ་མང་ཆེ་བར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཚེས་10ནས་14ཉིན་བར། ས་ཆ་ཁག་ཏུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་སྐབས་འགར་ས་ཆ་ཁག་གཅིག་ལ་ཐོལ་ཆར་དང་འབྲུག་ཆར་འབབ་རྒྱུ།
ཚེས་15ནས་17ཉིན་བར། ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། སྐྱིད་ཆུ་རྒྱུག་ཁུལ་གྱི་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ།
ཚེས་18དང་19ཉིན། ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ།
གནམ་གཤིས་ལས་ཁུངས་ཀྱི་དྲན་སྐུལ།
ཚེས་15ནས་17ཉིན་བར། ས་ཆ་མང་ཆེ་བར་ཆར་པ་ཆུང་བ་ནས་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། སྐྱིད་ཆུ་རྒྱུག་ཁུལ་གྱི་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། སྐབས་འགར་ས་ཆ་ཁག་གཅིག་ལ་ཐོག་དང་ལྷག་པ་ཆེན་པོ་རྒྱག་པ་དང་། དུས་ཐུང་ནང་ཆར་པ་ཆེན་པོ་དང་སེར་བ་འབབ་པ་སོགས་གཏད་རྒྱུག་གི་གནམ་གཤིས་བསྟན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།