ཀྲུང་གོ་དང་འཇར་མན་གྱི་U16གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སྐབས་དགུ་པའི་སྤེལ་རེས་བྱེད་སྒོ་ཧོ་པེ་ཞུང་ཨན་ཁུལ་གསར་དུ་སྤེལ་བ།

འདི་ནི་ཟླ་8ཚེས་6ཉིན་མན་ཧའེ་མུའུ་ཝར་ཏེ་ཧོ་ཧྥུའུ་སྤྲོ་སྐྱིད་ཁང་གི་གཞོན་ནུ་སྦྱོང་བརྡར་རུ་ཁག་གི་རུ་མི་དང་ཧོ་པེའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་U16རུ་ཁག་གི་རུ་མིས་འགྲན་བསྡུར་ཛ་དྲག་པོ་བྱེད་བཞིན་པ།
ཟླ་8ཚེས་6ཉིན་ནས་ཚེས་8ཉིན་བར། ཀྲུང་གོ་དང་འཇར་མན་གྱི་U16(ལོ་16མན)གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སྐབས་དགུ་པའི་སྤེལ་རེས་བྱེད་སྒོ་ཧོ་པེ་ཞུང་ཨན་ཁུལ་གསར་དུ་སྤེལ་བ་རེད། ཀྲུང་གོ་དང་འཇར་མན་གྱི་གཞོན་ནུ་ལོ་ཆུང་གིས་རྐང་རྩེད་སྤོ་ལོ་འབྲེལ་ཐག་ཏུ་བྱས་ཏེ“འབྱུང་འགྱུར་གྲོང་ཁྱེར”གྱི་ལྗང་མདོག་འགྲན་རར་མཛའ་གྲོགས་དང་ཕུགས་འདུན་གྱི་ས་བོན་བཏབ་པ་རེད།
“འགྲན་བསྡུར་བྱེད་རིང་། ང་ཚོ་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་དབར་མཛའ་གྲོཌ་ཟབ་མོ་ཆགས་སོང་། འདི་ནི་ཧ་ཅང་དགའ་འོས་པ་ཞིག་རེད”ཅེས་མན་ཧའེ་མུའུ་ཝར་ཏེ་ཧོ་ཧྥུའུ་སྤྲོ་སྐྱིད་ཁང་གི་གཞོན་ནུ་སྦྱོང་བརྡར་རུ་ཁག་གི་སྒོ་རགས་ཀྲུའུ་ལི་ཨན·ཁོ་ཧེ་ཡིས་དགའ་ཚོར་ཆེན་པོས་བཤད་པ་དང་། ཁོང་ཀྲུང་གོར་ཡོང་ཐེངས་དང་པོ་རེད། “ཞུང་ཨན་ཧ་ཅང་ཡག་པོ་འདུག ལྷག་པར་དུ་དཔེ་མཛོད་ཁང་ཧ་ཅང་བརྗིད་ཆགས་ཡིད་དུ་འོང་བ་ཞིག་འདུག” འགྲན་བསྡུར་མ་བྱས་གོང་ཁོང་དང་རུ་མི་ཚོ་མཉམ་དུ་ཞུང་ཨན་དཔེ་མཛོད་ཁང་དུ་ལྟ་སྐོར་ལ་བསྐྱོད་པ་དང་། དེ་གའི་ཐོག་སོ་དང་པོའི་ཞབས་ཞུའི་ལས་སྟེགས་ཀྱི་འཕྲུལ་མིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད།
ཀྲུང་གོ་དང་འཇར་མན་གྱི་U16གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་དེ་2012ལོར་གཉེར་ཞིང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་འཇར་མན་ལའེ་དབྱིན—ནེ་ཁ་ཏུའུ་ཧུའེ་ཆུས་འཇར་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད། “རྐང་རྩེད་སྤོ་ལོ་ནི་སྟོབས་ཤུགས་ཀྱིས་ཁེངས་པའི་འབྲེལ་ཐག་ཅིག་རེད། རྐང་རྩེད་སྤོ་ལོ་ལས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་དབར་ཕན་ཚུན་སྤེལ་རེས་དང་ཐུན་མོང་ཐོག་འཚར་ལོངས་བྱུང་ཡོད” “རྒྱལ་ཁོངས་གཞན་ནས་ཡིན་པའི་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རྩལ་འཁྲིད་པ་གཙོ་བོ་དང་པོ་ཁེ་ལའོ་སི·ཧྲི་ལཱ་ཕུའུ་ནཱ་ནི་ཀྲུང་གོ་དང་འཇར་མན་གྱི་U16གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་གྱི་གྲོས་འགོ་འདོན་མཁན་གྱི་གྲས་ཤིག་རེད། ཁོང་གིས། མཛའ་གྲོགས་འགྲན་བསྡུར་ནི་འཇར་མན་གྱི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་གོ་ཤེས་རྟོགས་དང་རྒྱུས་ལོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།