དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་རྗེས་གསར་པ་ཟམ་མི་ཆད་པར་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-12

    ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་གཟུངས་མདངས་ཉམས་གསུམ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་རྗེས་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བསྟན་ཡོད།

    སྲིད་དོན་ལས་རྗེས་ལྟ་བ་ནི་འཕེལ་རྒྱས་ཀྱི་ལྟ་བ་དང་འབྲེལ་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་དང་། སྡེ་ཚན། ཚན་པ་ཁག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བའི་ནང་དོན་གལ་ཆེན་དུ་བརྩིས་ནས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྲིད་དོན་ལས་རྗེས་ལྟ་བར་དག་བཅོས་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱས་ཡོད།

    སྦས་འབྲས་ལ་མཐོང་ཆེན་བྱས་ཏེ་མིག་སྔ་དང་ཕུགས་ལ་ཕན་ཚུན་ལྟ་རྟོག་བྱས་པ།

    ས་གནས་དང་། སྡེ་ཚན། ཚན་པ་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཡོན་ལས་བྱེད་པར་མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས“འཕྲལ་སྒྲུབ”གཏན་ནས་མི་བྱེད་པར་རྨང་གཞི་འདིང་བ་དང་། གཏིང་ཤུགས་འཕེལ་བ། ཕུགས་ལ་ཕན་པ་བཅས་ཀྱི་སྦས་འབྲས་མང་ཙམ་གཏོད་རྒྱུའི་ཁྲིད་སྟོན་བྱས་ཡོད།

    ཧྲང་ཧའེ་གྲོང་ཁྱེར་སུང་ཅང་ཆུས་ཀྱིས་གྲི་དངོ་རང་གཏད་དང་དངོས་བཤེར་དང་དག་ཐེར་ཏན་ཏིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས“མངོན་འབྲས་ལ་སྣང་ཆེན་དང་སྦས་འབྲས་ལ་སྣང་ཆུང”དང“དུས་ཐུང་གི་ཐོན་སྐྱེད་ལ་སྣང་ཆེན་དང་ཡུན་རིང་གི་མ་འཇོག་ལ་སྣང་ཆུང”བྱེད་པའི་ཕྱོགས་ལྷུང་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་གཙོ་ཁྲིད། མཐོ་སློབ་ཀྱིས་འདེགས་སྐྱོར། ཁྲོམ་རས་སྐུལ་གཏོང་བཅས་ཀྱི་ལམ་སྲོལ་བཙུགས་ནས་སྔོན་ཚུད་ནས་འབྱུང་འགྱུར་གྱི་ཐོན་ལས་ཚོགས་པ་འཆར་འགོད་བྱས་པ་རེད། ས་གནས་དེ་གའི་ལས་བྱེད་པ་ཞིག་ལ་མྱོང་ཚོར་ཟབ་མོ་བྱུང་ནས“རྨང་གཞིའི་ཞིབ་འཇུག་ལ་དུས་འཁོར་རིང་བ་དང་། འགྲོ་སོང་ཆེ་བ། གཏན་འཁེལ་མེད་པ་བཅས་ཀྱི་རྒྱུ་རྐྱེན་མང་པོ་ཡོད་པས། འགག་རྩ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ‘བྱས་འབྲས་ཐོབ་པར་ངས་མི་རྩོད་པའི’བསམ་པའི་གོ་རྟོགས་ཡོད་དགོས་པ་དང‘བྱས་རྗེས་འཇོག་པར་ང་རང་ཡོད་དགོས་ངེས’ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པ་དེ་རེད”ཅེས་བཤད།

    ཧའེ་ནན་ཞིང་ཆེན་ཀྲན་ཀྲོའུ་གྲོང་ཁྱེར་དུ་རླུང་འཁོར་དཀར་པོ་གྲལ་སྟར་འགྲིག་ཅིང་། མཚོ་རླབས་དང་བྱེ་ཐང་གི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། དེ་སྔ་མཚོ་འགྲམ་གྱི་གསོ་ཚགས་དུད་ཚང་གིས“མཚོ་ཁའི་ལྟོ་རྟེན་མཚོ་ཡིན་ཤག”བྱེད་པ་དང་། བཙོག་ཆུ་ཐད་ཀར་རྒྱ་མཚོར་འབུད་པ་དང་། གསོ་ཚགས་བྱེད་མི་ཆོག་སར་གསོ་ཚགས་བྱེད་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད། སློབ་སྦྱོང་སློབ་གསོའི་ཁྲོད་ཀྲན་ཀྲོའུ་གྲོང་ཁྱེར་གྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་བཤེར་འདོན་བྱས་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དམིགས་ནས་རྣམ་གྲངས་ཅན་གྱི་སྐུལ་འདེད་དང་། གསལ་ཐོ་ཅན་གྱི་དོ་དམ། རྒྱུན་རྣམ་ཅན་གྱི་བཀོད་གཏོང་བཅས་བྱས་ཏེ། གྲོང་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་བྱས་པ་དང་གནད་དོན་གྱི་རྩིས་ཐོ་ཕྱོགས་ཡོངས་ནས་བཟོས་ཏེ་སྒྲིག་འགལ་ངང་བྱེ་སའི་མཚོ་རྒྱུད་བཟུང་སྤྱོད་བྱས་པའི་ཕན་མེད་མདོང་ལམ་32བཤིག་པ་དང་མཚོ་ཆུའི་གསོ་ཚགས་ཀྱི་བཙོག་ཆུ་འབུད་ས་149ལ་ལྟ་ཞིབ་ཚད་ལེན་བྱས་པ་རེད།

    རྩིས་ཆེན་པོ་བརྒྱབ་ནས་ས་ཁོངས་གཅིག་དང་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱས་པ།

    “ཕྱོགས་ཡོངས་བསམ་ཤེས་མེད་པའི་མིས། ཡུལ་ཕྲན་ཞིག་ཀྱང་སྐྱོང་བར་དཀའ” ས་གནས་དང་། སྡེ་ཚན། ཚན་པ་ཁག་གིས“མི་རྐྱང་རྟ་རྐྱང”གི་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ཏང་ཡོན་ལས་བྱེད་པས་སྤྱི་པར་བསམ་བློ་གཏོང་བ་དང་ཁོག་པ་ཆེན་པོ་བྱེད་པ། རང་ཁོ་ནར་བསམ་བློ་གཏོང་བ་དང་སྒེར་རྩིས་ཁོ་ན་བརྒྱབ་ནས་མ་བསྡད་པར། ས་ཁུལ་དང་སྡེ་ཚན་གྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དངོས་འབྲེལ་མཉམ་འདྲེས་ཐུབ་པར་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་དངོས་བཤེར་དང་དག་ཐེར་ཏན་ཏིག་བྱས་ཤིང་། ས་མཚམས་སྒྲོལ་བའི་སྨན་བཅོས་ཞབས་ཞུའི་ཚད་གཞི་གཅིག་གྱུར་མེད་པ་དང་། ཤེས་ལྡན་པ་གྲབས་གསོག་བྱེད་ཚད་མི་འདང་བ། གཏོང་སྤྲོད་བསྡོམས་རྩིས་སྟབས་བདེ་མེད་པ་སོགས་ཀྱི་ཞན་ཆ་བཤེར་འདོན་ཐུབ་པར་དམིགས་ནས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་སྨན་བཅོས་ཤེས་ལྡན་པའི་གྲབས་གསོག་མཛོད་བཙུགས་པ་དང་། གཡོད་ཀོང་ཨའོ་ས་ཁུལ་གསུམ་གྱི་འཁོར་རྟགས་ཡོད་པའི་མྱུར་སྐྱོབ་རླངས་འཁོར་བཀོད་སྒྲིག་བྱས་པ། ས་མཚམས་སྒྲོལ་བའི་ཚོང་ལས་འགན་བཅོལ་གྱི་ཐད་སྤྲོད་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་བ། ས་མཚམས་སྒྲོལ་བའི་སྨན་བཅོས་དང་། བརྒྱུད་འདྲེན། རྩིས་ཞུ་བཅས་ཀྱི་ཞབས་ཞུའི་འཁོར་འབྲེལ་ཆ་ཚང་བསྐྲུན་པ་བཅས་བྱས་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་གྲོང་མིར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དེ་བས་ལེགས་པ་བྱ་རྒྱུ་ཡོང་བར་བྱས་ཡོད།

    ཁྲུང་ཆིང་གྲོང་ཁྱེར་དབན་ཀྲོའུ་ཆུས་སུ་ཧྲན་ཏུང་ཝུའེ་ཧྲན་མཚེའུ་ཡི་ཉ་ལི་ཡུས་ས་གནས་དེ་གའི་དམངས་ཕྱུག་འབབ་འཕར་གྱི“ཕྱུག་འགྱུར་ཉ”ལ་གྱུར་ཡོད། དེ་ནི་ཧྲན་ཏུང་དང་ཁྲུང་ཆིང་གིས་མཉམ་ལས་བྱས་ཏེ་མ་དངུལ་དང་ཐོན་ཁུངས་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཕྱོགས་གཉིས་སུ་འཁོར་སྐྱོད་བྱས་པ་དང་ཁ་འབྲལ་ཐབས་མེད། དབན་ཀྲོའུ་ཆུས་ཀྱིས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ལ་བརྩིས་ནས་ཧྲན་ཏུང་དང་ཁྲུང་ཆིང་གི་མཉམ་ལས་གྲུབ་འབྲས་གཏིང་ཟབ་ཏུ་དང་རྒྱ་སྐྱེད་རྒྱུན་མཐུད་བཏང་ནས་ཧྲན་ཏུང་ཅི་ཉིང་དང་ལག་གདང་སྦྲེལ་ཏེ་ཕྱོགས་གཉིས་འབྲེལ་མཐུད་ཀྱི་ཉ་ལས་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་བཀོད་སྒྲིག་བྱས་ནས་ལྷོ་ནུབ་ཀྱི་ཁྲོམ་རར་གཏིང་ཟབ་ཞུགས་པ་མ་ཟད། བྱང་ཕྱོགས་ཀྱི་ཁྲོམ་ར་ཡང་བཏོད་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ཤར་ནུབ་མཉམ་ལས་ཀྱི“རི་ཆུའི་བརྩེ་བ”མུ་མཐུད་མངོན་པར་བྱས་ཡོད།

    སྙུགས་ཤེད་ཆེན་པོར་བརྟེན་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་པ།

    བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན། སློབ་སྦྱོང་སློབ་གསོའི་ཁྲོད་དུ་ས་གནས་དང་། སྡེ་ཚན། ཚན་པ་བཅས་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ལེགས་པ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཉེན་གཤིས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

    ཉེ་དུས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ཀང་གྲོང་ཁྱེར་དུ་ཞོད་སྐྱོན་ཐོན་ནས་ཁེ་ལས་ཁག་གཅིག་གི་འཁོར་ཁང་དང་མཛོད་ཁང་ཆུས་བསྣུབས་པ་དང་མ་བཅོས་རྒྱུ་ཆ་དང་ཐོན་རྫས་ཆུས་སྦངས་ནས་ཐོན་སྐྱེད་སྒྲུབ་རིམ་ལ་གནོད་སྐྱོན་ཕོག་ཡོད།

    “ཐོན་སྐྱེད་ལ་འགན་ལེན་བྱེད་པ་ནི་དམངས་འཚོར་འགན་ལེན་བྱེད་པ་ཞིག་ཡིན་པ་དང་། ཁེ་ལས་ཀྱི་འཕྲུལ་འཁོར་འཁོར་རྒྱུག་བྱས་ཚེ་མང་ཚོགས་ཀྱི་ལྟོ་ཕོར་གཞི་ནས་བརྟན་པོ་ཡོང་ཐུབ”ཀུའེ་ཀང་གྲོང་ཁྱེར་གྱིས“ཧོ་ཁྲེང་གདོང་ལེན་པས་དམངས་ཆེད་ལས་ལ་བརྩོན་པའི”ལས་སྟེགས་ལ་བརྟེན་ནས་འགྲིམ་འགྲུལ་དང་། གློག་མཁོ་འདོན། འཕྲིན་གཏོང་། གྲོང་ཁྱེར་དོ་དམ་སོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་དང་ཏང་ཡོན་གདོང་ལེན་རུ་ཁག་འཛུགས་པ་དང་། ནུས་ཚད་ཆེ་བའི་འཐེན་འབུད་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་འཁྱིལ་ཆུ་མྱུར་འབུད་དང་གཏོར་སྐྱོན་ཕོག་པའི་གློག་སྐུད་མྱུར་བཟོ་བྱེད་པ། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་ལ་འགན་ལེན་དང་དཔལ་འབྱོར་བརྟན་པོ་ཡོང་བ་བཅས་བྱས་ནས་ཆར་རླུང་དྲག་པོའི་ཁྲོད་དུ་ཏང་ཡོན་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བར་ཞིབ་དཔྱད་བྱས་ཡོད། མིག་སྔར། གནོད་འཚེ་ཕོག་པའི་ཁེ་ལས་1459ཡི་ནང་ནས་ཁེ་ལས་1347གྱི་ཐོན་སྐྱེད་སླར་གསོ་ཐུབ་ཡོད།

    དེ་གོང་། ཧུའུ་ནན་ཞིང་ཆེན་ཧེང་དབྱང་སུང་མུའུ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྫས་འགྱུར་བཟོ་ལས་ཁེ་ལས་ཤིག་གི་མཛོད་ཁང་ཀ་པར་མེ་ཟོན་ལོགས་འཇོག་གནད་འཁེལ་མ་བྱུང་བ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་པའི་དབང་གིས་ཐོན་སྐྱེད་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད། སྐབས་དེ་དུས་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོའི་དབར་རྩིས་སྤྲོད་རྩིས་ལེན་བྱེད་པའི་སྒང་ཡིན་པ་དང་། གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་ལས་གནས་སུ་འབྱོར་མ་ཐག་རྩིས་སྤྲོད་རྩིས་ལེན་གྱི་གསལ་ཐོར་གཞིགས་ནས་ས་གནས་ས་ཐོག་ཏུ་བཀོད་གཏོང་བྱས་ཏེ་དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    ཧེང་དབྱང་གྲོང་ཁྱེར་གྱིས་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་དང་། གྲོང་ཁྱེར་ཐད་གཏོགས་ཚན་པའི(གླིང་ཁུལ་དང་གཞུང་ཁོངས་ཁེ་ལས)འགན་འཁུར་བ་གཙོ་བོ་ལས་བྲལ་གྱི་རྩིས་སྤྲོད་རྩིས་ལེན་བྱ་ཐབས་བཟོས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་སོགས་ཀྱི་དོན་གནད་ལས་བྲལ་གྱི་རྩིས་སྤྲོད་རྩིས་ལེན་གྱི་ནང་དོན་གྲས་སུ་བཅུག་ནས། གྲལ་བཤེར་རྩིས་སྤྲོད་དང་། བཀོད་གཏོང་ལྟ་ཞིབ། རྩིས་སྤྲོད་རྩིས་ལེན་རྒྱུན་མཐུད། རྩིས་ལེན་ཐོ་སུབ། འགན་འཁྲི་བདའ་འདེད། འབྱུང་རྩ་ནས་སྔོན་འགོག་སོགས་ཀྱི་ལས་དོན་གྱི་ལམ་སྲོལ་གསལ་པོ་བཟོས་པ་དང་། དུས་ཡུན་རིང་པོ་ཐག་གཅོད་མ་བྱུང་བའི་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཉེན་ཁར་ཆེད་སྒྲུབ་ཚན་ཁག་མངགས་ནས་སྐུལ་འདེད་གཏོང་བ་དང་རྩིས་ཐོ་ཟུར་བཀོད་དང་ཐོ་སུབ་བྱས་ཏེ། ཉེན་ཁ་རྩིས་སྤྲོད་གསལ་པོ་དང་། རྩིས་ལེན་ཏན་ཏིག ཐག་གཅོད་ཡག་པོ་བཅས་ཡོང་བར་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།