སྡེ་ཚན་གཉིས་ཀྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.8འཕྲལ་མར་སྤྲད་པ།
ཉེ་ཆར། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། དེ་ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.8ཛ་དྲག་ངང་སྔོན་དུ་སྤྲད་པ་རེད།
ཉེ་ཆར། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་13པ“པའེ་ཧའེ་ཐུན”གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་གྱི་ཧྭ་ཏུང་ས་ཁུལ་གྱི་ཞིང་ཆེན་མང་པོར་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་བ་དང་ཆབས་ཅིག ནུབ་བྱང་ས་ཁུལ་དུ་ཆར་ཆུ་ཅུང་ཉུང་བས་ཐན་སྐྱོན་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད།
སྡེ་ཚན་གཉིས་ཀྱིས་ད་ཐེངས་འཕྲལ་མར་སྤྲད་པའི་མ་དངུལ་གྱི་ནང་ནས་སྒོར་དུང་ཕྱུར་1.2ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ། ཧྥུའུ་ཅན། ཅང་ཤིས་བཅས་ཞིང་ཆེན་ལྔ་ལ་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་སྡོམ་ཉེན་སེལ་དང་རྒུད་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་དང་གནས་སྤོ་བཀོད་སྒྲིག་དང་། ཉེན་སེལ་སོགས་འཕྲལ་སྡོམ་ཐག་གཅོད་དང་། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག མང་ཚོགས་ཀྱི་ཁང་པ་ཉམས་གསོ་སོགས་ཀྱི་ལས་དོན་ཡག་པོ་སྤེལ་བར་གཙོ་གནད་ཐོག་སྤྱོད་རྒྱུ་རེད། མ་དངུལ་སྒོར་དུང་ཕྱུར་0.6ནང་སོག་དང་། ཤིན་ཅང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ལ་ཐན་འགོག་གེགས་སེལ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆུ་དཀོན་པའི་དཀའ་ངལ་ཐག་གཅོད་དང་། འཕྲལ་སྡོམ་ཆུ་གསོག་དང་། ཆུ་དྭངས། ཆུ་མཁོ་འདོན་བཅས་ཀྱི་སྒྲིག་ཆས་ཉོ་སྒྲུབ་དང་བོགས་གཡར། མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་སྤྱོད་ལ་འགན་སྲུང་བཅས་བྱེད་པར་གཙོ་གནད་སྤྱོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།