དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་མཛུབ་ཁྲིད་ཡིག་ཆ་བཀྲམ་ནས་གྲངས་གཞིར“ཐོབ་ཐང་ལག་ཁྱེར”སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-12

    རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་མི་རིང་བའི་གོང《གྲངས་གཞིའི་ཐོན་དབང་ཐོ་འགོད་ལས་དོན་གྱི་མཛུབ་ཁྲིད(ཚོད་ལྟའི་ལག་བསྟར)》(གཤམ་དུ《མཛུབ་ཁྲིད》ཅེས་བསྡུ་རྒྱུ)བཀྲམ་ནས་ཐོ་འགོད་སྒྲིག་གཞིར་དོ་དམ་དང་། ཐོ་འགོད་བརྒྱུད་རིམ་ཚད་ལྡན། ཐོ་འགོད་དཔང་འཛིན་བེད་སྤྱོད་སོགས་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ། རྒྱལ་ཡོངས་ཀྱི་གྲངས་གཞིའི་ཐོན་དབང་ཐོ་འགོད་ལས་དོན་ལ་གཅིག་གྱུར་གྱི་མཛུབ་ཁྲིད་བྱས་ཡོད། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་གྲངས་གཞིའི་ཐོན་དབང་ཐོ་འགོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་གྲངས་གཞིའི་ཁྲོམ་ར་གང་མགྱོགས་གཏོད་བཞིན་ཡོད་པ་རེད།

    གྲངས་གཞིའི་ཐོན་དབང་ཐོ་འགོད་ཞེས་པ་དེ་ནི་མངོན་མེད་རྒྱུ་ནོར་ཡིན་པའི་གྲངས་གཞིར“ཐོབ་ཐང་ལག་ཁྱེར”སྤྲད་པ་ཞིག་རེད། རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“མཛུབ་ཁྲིད”བཟོས་པའི་དམིགས་ཡུལ་ནི་གྲངས་གཞིའི་ཐོན་དབང་ལམ་ལུགས་དོན་འཁྱོལ་བྱས་ཏེ། གྲངས་གཞི་འཁོར་རྒྱུག་ཉོ་ཚོང་ལ་གཅིག་གྱུར་གྱི་ཐོན་དབང་དཔང་འཛིན་མཁོ་འདོན་བྱེད་པ་དང་། གྲངས་གཞི་འཁོར་རྒྱུག་ཉོ་ཚོང་གི་མ་གནས་དམའ་རུ་བཏང་ནས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་གྲངས་གཞིའི་ཁྲོམ་ར་སྐྱེད་སྲིང་བྱ་རྒྱུ་དེ་རེད་ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲངས་གཞིའི་ཐོན་དབང་ཐོ་འགོད་དཔང་འཛིན་ནི་ཡིད་རྟོན་རུང་བའི་ཐོ་འགོད་སྒྲིག་གཞིས་སྤྲོད་རྒྱུ་ཡིན་ཞིང་། གྲངས་གཞི་ཞིབ་བརྗོད་ཀྱི་གནད་འཁེལ་་རང་བཞིན་དང་། ཡོང་ཁུངས་ལུགས་མཐུན་རང་བཞིན། བདག་དབང་ཁ་གསལ་རང་བཞིན་སོགས་ལ་ཞིབ་བཤེར་བྱེད་པ་དང་། དེ་ནི་གྲངས་གཞིའི་བདག་ཁོངས་དང་ལུགས་མཐུན་སོགས་ཀྱི་བདེན་དཔང་ནུས་ལྡན་ཞིག་རེད། རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 《མཛུབ་ཁྲིད》ལག་བསྟར་དོན་འཁྱོལ་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་རྒྱལ་ཁབ་ཀྱི་གྲངས་གཞིའི་ཐོན་དབང་ཐོ་འགོད་ཞབས་ཞུའི་མ་ལག་བསྐྲུན་ནས་གྲངས་གཞིའི་ཐོན་དབང་ཐོ་འགོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། གྲངས་གཞིའི་ཐོན་དབང་ཐོ་འགོད་དོན་འཁྱོལ་གནས་ཚུལ་ལ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་ཚོད་ལྟའི་ལས་འགན་ལ་ཤུགས་སྣོན་བརྒྱབ་སྟེ། ལག་ལེན་གྱི་ཉམས་མྱོང་གསོག་པ། གྲངས་གཞིའི་ཐོན་དབང་ཐོ་འགོད་ལམ་ལུགས་དེ་འཁོར་རྒྱུག་ཉོ་ཚོང་དང་། ཡོང་འབབ་བགོ་བཤའ། བདེ་འཇགས་བཅོས་སྐྱོང་སོགས་ཀྱི་ལམ་ལུགས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་དོན་འཁྱོལ་གྱི་འགག་གནད་བསལ་ཏེ། གྲངས་གཞི་ཁྲོམ་ར་ཅན་དང་རིན་ཐང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་ཕྱོགས་3ཐད་ཀྱི་ལས་དོན་གཙོ་གནད་ཐོག་སྤེལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།