ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་181.1ཟིན་པ།
ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་181.1ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ནས། ཟོག་འགྲུལ་འཁོར་རྒྱུག་སྤྱི་ཡོངས་བརྟན་པ་དང་། ཟོག་འགྲུལ་དགོས་མཁོ་རྒྱུན་མཐུད་ཆེ་རུ་ཕྱིན་པ། རྩེར་སོན་བཟོ་སྐྲུན་དང་། ལྗང་མདོག་ཐཱན་ཉུང་། རྒྱལ་སྒྲོལ་དྲ་ཚོང་སོགས་སྒུལ་ནུས་གསར་པ་འཕར་བའི་རྣམ་པ་བཟང་བ་བཅས་ལས། རྒྱལ་དམངས་དཔལ་འབྱོར་འཕར་བར་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་འགྲོ་རྒྱུ་རེད།
བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དེ་རྩེར་སོན་བཟོ་སྐྲུན་གྱི་སྐུལ་སྤེལ་ནུས་པ་གལ་ཆེན་དུ་གྱུར་ཡོད། ལོ་སྟོད་དུ་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་5.4%འཕར་ནས། རྩེར་སོན་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཟོག་འགྲུལ་དགོས་མཁོ་ཤུགས་ཆེར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་གྲངས་འཛིན་ཐོན་རྫས་ཀྱི་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་13.3%དང་12.3%སོ་སོར་འཕར་ཡོད་པ་རེད། ལས་ཁུངས་དང་གྲོང་མིའི་དངོས་རྫས་ཟོག་འགྲུལ་གྱི་དངུལ་འབོར་སྙུགས་ཤེད་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དུས་མཚུངས་ལས་3.8%འཕར་ཡོད། རྒྱལ་ཡོངས་ཀྱི་རྫས་གྲུབ་ཚོང་ཟོག་གི་དྲ་ཐོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་4.8%འཕར་བ་དང་། འཕར་ཚད་དུས་མཚུངས་ཀྱི་ཚོང་ཟོག་སིལ་ཚོང་བསྡོམས་འབོར་གྱི་བརྒྱ་ཆའི་གྲངས་3.7ཡིན་པ་དང་། དྲ་ཚོང་མྱུར་སྐྱེལ་ལས་སྒོའི་གཞི་ཁྱོན་དུས་མཉམ་དུ་ཆེ་རུ་སོང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།