དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་7པར་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་དུས་མཚུངས་ལས་0.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-12

     གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་7པར། རྒྱལ་སྤྱིའི་ནང་འདྲེན་རང་བཞིན་གྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ཟླ་གོང་མའི་དུས་མཚུངས་ལས་0.1%ཆག་པ་དང་དུས་མཚུངས་ལས་0.5%འཕར་ཡོད། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་ཕུད་པའི་ལྟེ་བའི་CPIཟླ་གོང་མའི་དུས་མཚུངས་ལས་0.3%འཕར་བ་དང་དུས་མཚུངས་ལས་0.9%འཕར་ནས། CPIསྤྱིའི་ཆ་ནས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་ཟླ་བདུན་པའི་བར། རྒྱལ་ཡོངས་ཀྱི་CPIལོ་གོང་མའི་དུས་མཚུངས་ལས་0.9%འཕར་ཡོད།

    ཟླ་7པར། རྒྱལ་ཡོངས་ཀྱི་CPIདུས་མཚུངས་ལས་0.5%འཕར་བ་དང་། དེའི་ནང་གྲོང་ཁྱེར་དུ་0.5%འཕར་བ་དང་གྲོང་གསེབ་ཏུ་0.4%འཕར་བ་དང་། བཟའ་བཅའི་རིན་གོང་1.5%ཆག་ཅིང་བཟའ་བཅའ་མིན་པའི་རིན་གོང་0.9%འཕར་ཡོད། འཛད་སྤྱོད་དངོས་རྫས་ཀྱི་རིན་གོང་0.2%འཕར་བ་དང་ཞབས་ཞུའི་རིན་གོང་0.7%འཕར་ཡོད། CPIདུས་མཚུངས་ལས་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.5ཆག་པ་དེ་གཙོ་བོ་རླངས་སྣུམ་གྱི་རིན་གོང་འཕར་ཚད་ཆག་པའི་ཤུགས་རྐྱེན་ཐེབས་པས་རེད།

    ཟླ་7པར། རྒྱལ་ཡོངས་ཀྱི་CPIཟླ་གོང་མ་ལས་0.1%ཆག་པ་དང་ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2དམའ་རུ་ཕྱིན་ཡོད། དེའི་ནང་གྲོང་ཁྱེར་དུ་0.1%ཆག་པ་དང་གྲོང་གསེབ་ཏུ་0.2%ཆག་ཡོད། བཟའ་བཅའི་རིན་གོང་སྙོམས་པ་དང་བཟའ་བཅའ་མིན་པའི་རིན་གོང་0.1%ཆག་ཡོད། འཛད་སྤྱོད་དངོས་རྫས་ཀྱི་རིན་གོང་0.6%ཆག་པ་དང་ཞབས་ཞུའི་རིན་གོང་0.4%འཕར་ཡོད། རྒྱལ་སྤྱིའི་ཁྲོམ་རའི་རིན་གོང་འཕར་ཆག་གིས་རྐྱེན་པས་རྒྱལ་ནང་གི་རླངས་སྣུམ་གྱི་རིན་གོང་10.7%ཆག་ཅིང་། ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་5.8འཕར་བ་དང་། CPIཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.35ཙམ་ཆག་ཡོད། བཟའ་བཅའི་རིན་གོང་ཟླ་གོང་མ་དང་གཅིག་མཚུངས་ཡིན་པ་དེ་དུས་ཚིགས་རང་བཞིན་གྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.6གིས་དམའ་བ་ཡོད།

    གཞན་ཡང་། རྒྱལ་ནང་གི་ལས་རིགས་ཁག་གཅིག་གི་དགོས་མཁོ་ཆེ་རུ་ཕྱིན་ཡོད་མོད། འོན་ཀྱང་ནང་འདྲེན་རང་བཞིན་དང་དུས་ཚིགས་རང་བཞིན་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། ཟླ་བདུན་པར་བཟོ་ལས་ཐོན་སྐྱེད་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་གྲངས(PPI)ཟླ་གོང་མ་ལས་0.7%ཆག་པ་དང་དུས་མཚུངས་ལས་3.5%འཕར་ནས། འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.6ཆག་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།