ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གིས།
“136”གི་ལས་ཀའི་བྱ་ཐབས་ལ་བརྟེན་ནས་བཅོས་སྐྱོང་དྲ་བ་ཚགས་དམ་དུ་བཏང་བ།
སྔོན་སྒྲུབ་བཅོས་སྐྱོང་གི་འགོག་སྲུང་འཛིང་རགས་ཚགས་དམ་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་དངོས་ཚན་ཅན་འཛུགས་སྐྱོང་ལ་སྣེ་ཁྲིད་དང་མཐུན་རྐྱེན་སྦྱར་བ་དང་། གཞི་རིམ་བཅོས་སྐྱོང་དང་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། “རང་སྐྱོང་གི་སྒྲིག་སྲོལ་ཆ་ཚང་གཅིག་དང་། རང་སྐྱོང་དཔུང་ཁག་གསུམ། མེད་པ་དྲུག་གི་དམིགས་ཚད”བཅས“136”གི་གཞི་རིམ་བཅོས་སྐྱོང་གི་ལས་ཀའི་བྱ་ཐབས་གསར་གཏོད་དང་ལག་ལེན་བསྟར་བ། འབྱུང་རྩ་ནས་སྔོན་འགོག་དང་། སྣེ་མང་མཉམ་བཅོས། གདུབ་ཟུམ་དོ་དམ་ཚོད་འཛིན། སེམས་དྲོད་ཞབས་ཞུ་བཅས་ཀྱི་བཅོས་སྐྱོང་མ་ལག་བཏོད་དེ། ས་ཆ་གཞན་ནས་ཡོང་བའི་ཚལ་འདེབས་ཞིང་པ་གཅིག་སྡུད་ཁུལ་བཅོས་སྐྱོང་གི་དཀའ་གནད་ནུས་ལྡན་བསལ་ཡོད།
འབྲོམ་ཐོད་ཤང་གིས་བཅོས་སྐྱོང་འགག་སྒོ་མདུན་སྤོས་དང་འབྱུང་རྩ་ནས་བཅོས་སྒྲིག་མཐའ་འཁྱོངས་ཀྱིས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་རང་སྐྱོང་སྒྲིག་སྲོལ་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཡོད། དྲོད་ཁང་ཆེ་མོའི་ཐོན་ལས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་གྲོང་སྲོལ་དམངས་ཆིངས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ས་ཞིང་བརྒྱུད་བཤུག་དང་། དྲོད་ཁང་ཆེ་མོ་བོགས་མར་གཏོང་བ། ངལ་རྩོལ་གླ་པ་སྤྱོད་པ། བོགས་དངུལ་སྤྲོད་པ། ཐོན་སྐྱེད་ཐད་ཀྱི་ཆུ་གློག་མཁོ་འདོན། མེ་ཟོན་བདེ་འཇགས་སོགས་ཀྱི་ནང་དོན་དག་སྒྲིག་སྲོལ་དོན་ཚན་ནང་བཅུག་ནས། ས་གནས་དེ་གའི་མང་ཚོགས་དང་ཕྱི་ནས་ཡོང་བའི་ཚལ་འདེབས་ཞིང་པར་ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ལ་རང་བརྟེན་གྲོས་མོལ་དང་མཛའ་གྲོགས་མཐུན་འགྲིག་ལ་ཁྲིད་སྟོན་གྱིས་འགལ་ཟླ་ཆུང་གྲས་རང་སར་སེལ་བར་སྐུལ་འདེད་བཏང་ཡོད།
གཞི་རིམ་བཅོས་སྐྱོང་གི་སྒུལ་ཤུགས་འཕེལ་བར་བྱས་པ།
འབྲོམ་ཐོད་ཤང་གིས་བཅོས་སྐྱོང་སྟོབས་ཤུགས་ཁ་ཐོར་དང་མཉམ་འགུལ་མི་འདང་བའི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་། རང་སྐྱོང་དཔུང་ཁག་གསུམ་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་ཏེ་བཅོས་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ་དང་ཕན་ནུས་མཐོར་གཏོང་རིམ་སྤོར་ཐུབ་པ་བྱས་ཡོད། རང་སྐྱོང་འདུམ་འགྲིག་དཔུང་ཁག་སྟོབས་ཆེར་བཏང་བ་དང་སྐད་གཉིས་འདུམ་འགྲིག་ཁང་ལ་བརྟེན་ནས་འབྲོམ་ཐོད་ཤང་གིས་གྲོང་གསེབ་ཀྱི་ལས་བྱེད་པ་དང་། དྲ་མིག་པ། ཤང་དུ་བཅའ་སྡོད་ཁྲིམས་རྩོད་པ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ“དྲ་མིག་ནས་ཐོག་མའི་འདུམ་སྒྲིག་དང་། གྲོང་ཚོ་རིམ་པ་ནས་འདུམ་འགྲིག ཤང་རིམ་པའི་མཉམ་འབྲེལ་འདུམ་འགྲིག”བཅས་རིམ་པ་གསུམ་གྱི་གདུབ་ཟུམ་འདུམ་འགྲིག་ལམ་སྲོལ་བཙུགས་པ་རེད། བདེ་འཇགས་གཞུང་ལས་ཁང་དང་། ཁྲིམས་འཛིན་ཁང་། མངགས་གཏོང་ཁང་བཅས་ཀྱིས་མཉམ་འབྲེལ་འདུམ་འགྲིག་ཧུར་ཐག་བྱས་ཏེ། ས་ཆའི་བོགས་དངུལ་དང་ཁྱིམ་མཚེས་སོགས་ཀྱི་འགལ་བ་སྣ་ཚོགས་གནད་སྨིན་བསལ་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། ས་ཆ་བརྒྱུད་བཤུག་དང་། བོགས་དངུལ་སྤྲོད་པ། དམངས་འཚོ་འགན་ལེན་སོགས་ཀྱི་རེ་ཞུའི་གྲོས་འགོ་ཁག་220བསྡུ་རུབ་བྱས་ནས་གནད་དོན་དངོས་198ཐག་གཅོད་ལ་སྐུལ་འདེད་བཏང་ཡོད།
མཉམ་སྐྲུན་མཉམ་སྤྱོད་ཀྱི་རྨང་གཞི་བཏིང་བ།
འབྲོམ་ཐོད་ཤང་གིས་ཐོག་མཐའ་བར་གསུམ་དུ“རྒྱུན་གཏན་མིན་པའི་ངོ་འཕྲད་མེད་པ་དང་། བདེ་འཇགས་ཀྱི་ཉེས་དོན་གྱོད་གཞི་ཚབས་ཆེན་མེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཆེན་པོ་མེད་པ། འགལ་ཟླ་གོང་ཞུའི་ཞུ་གཏུག་མེད་པ། ཁྲིམས་འགལ་འཛུགས་སྐྲུན་མེད་པ། སྐྱེ་ཁམས་གཏོར་བཤིག་མེད་པ”བཅས་ཀྱི“མེད་པ་དྲུག”གི་འཛུགས་གཏོད་དམིགས་ཚད་གཏན་འཁེལ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་གི་མཐའ་ཚད་ཕྱོགས་ཡོངས་ནས་བརྟན་པོར་བསྲུངས་ཡོད།
མིག་སྔའི་བར། འབྲོམ་ཐོད་ཤང་གིས་རིམ་རྩིས་བརྒྱབ་ན། རིགས་ཁག་གི་འགལ་ཟླ་དང་རྩོད་གཞི་243འདུམ་འགྲིག་བྱས་པ་དང་འདུམ་འགྲིག་ལམ་ལྷོངས་བྱུང་ཚད་96%ཟིན་ནས། ས་མཐོའི་དོན་དངོས་དང་འཚམ་པ་དང་། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་དང་འཚམ་པ། ཕྱོགས་ཁག་གི་ཁེ་ཕན་ལ་ལྟ་རྟོག་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་ཞིབ་ཕྲ་ཞིག་འཚོལ་ཞིབ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།