ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས“ནག་ཆུའི་འབྲི་གཡག”གི་ས་ཁོངས་སྤྱི་པའི་སྤུས་རྟཌ་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འགོ་ཚུགས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི“ནག་ཆུའི་འབྲི་གཡག”གི་ས་ཁོངས་སྤྱི་པའི་སྤུས་རྟགས་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་དངོས་སུ་འགོ་ཚུགས་པ་དང་། ཟླ་8ཚེས་12ཉིན་བར་འཚོག་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་བྱེད་སྒོར“གླིང་སྣེའི་ནག་ཆུ། ས་མཐོའི་སྤུས་ལེགས་ཐོན་རྫས། ས་བབ་སྨི་5000ཡི་ལེགས་སྐྱེས”བརྗོད་དོན་གཙོ་བོར་བྱས་ནས་ཤ་རིགས་དང་། དཀར་ཆུའི་ཐོན་རྫས། ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་ཀྱི་འགྲེམས་ཚོང་ཁུལ་ཆེན་པོ་གསུམ་བཙུགས་པ་དང་ཆབས་ཅིག དྲ་ཐོག་ནས་ཐད་གཏོང་བྱས་ཤིང་། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་བྱས་པ་བརྒྱུད“ནག་ཆུའི་འབྲི་གཡག”གི་སྤུས་རྟགས་གཟུགས་བརྙན་དང་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་ངང་མངོན་པར་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།