ཆུ་ཤུར་ཚལ་སྣེར་ཡུལ་སྐོར་བྱེད་མཁན་མང་། ཞིང་ལས་ཡུལ་སྐོར་མཉམ་འདྲེས་གསོན་ཤུགས་རྒྱས།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་མེ་ཏོག་ལུང་པར་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མུའུ་སྟོང་གི་མེ་ཏོག་གི་ཞིང་ཁར་རྒྱ་སེའི་མེ་ཏོག་དང་ཉི་མ་མེ་ཏོག་སོགས་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ་དང་། གཅེས་ཉར་སྲོག་ཆགས་དགའ་ཚལ་དང་བྱིས་པའི་རོལ་རྩེད་ཁུལ་སོགས་སུ་མཉམ་འགུལ་རོལ་རྩེད་རྣམ་གྲངས་ཕུན་སུམ་ཚོགས་པོ་ཡོད། སྣ་མང་རིག་གནས་ཡུལ་སྐོར་ལས་རྣམ་གྱིས་གྲོང་ཁྱེར་ཉེ་འདབས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་ཞིང་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་ཡོད། འདི་ནི་མཛེས་སྡུག་ལྡན་པའི་ཚལ་སྣེའི་མེ་ཏོག་ལུང་པར་ཡུལ་སྐོར་བས་དྲན་རྟེན་པར་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།