དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྱིས་མངག་ཚོང་སྐྱེལ་མཁན་ལ་སྦག་སྦག་ལག་ཁྱེར་ལེན་པའི་ཡིག་རྒྱུཌ་ཆེད་མངགས་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུས་རླངས་འཁོར་དོ་དམ་སུའོ་ཡིས་མངག་ཚོང་སྐྱེལ་མཁན་ལ་སྦག་སྦག་ལག་ཁྱེར་ལེན་དཀའ་བའི་དངོས་ཡོད་དགོས་མཁོར་དམིགས་ཏེ། མངག་ཚོང་སྐྱེལ་མཁན་ལ་སྦག་སྦག་གི་ཡིག་རྒྱུགས་ཆེད་མངགས་བཀོད་སྒྲིག་བྱས་ནས་ཡིག་རྒྱུགས་གཏོང་བར་ཐོགས་མེད་བགྲོད་ལམ་བཏོད་ཅིང་། རིམ་རྩིས་བརྒྱབ་ན། མངག་ཚོང་སྐྱེལ་མཁན་300ལྷག་ཙམ་ལ་ལག་ཁྱེར་ལེན་པའི་ཡིག་རྒྱུགས་གཏོང་བའི་སྟབས་བདེའི་ཞབས་ཞུ་བསྒྲུབས་ཡོད། ཡིག་རྒྱུགས་གཏོང་རིང་། འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲོག་འགྲེལ་དུས་གཅིག་ཏུ་བྱས་པ་མ་ཟད། དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ཁྲིམས་སྲོལ་གྱི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་སྟེ། མངག་ཚོང་སྐྱེལ་མཁན་གྱི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ཡ་རབས་ངང་ཕྱིར་སྐྱོད་པར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།