དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སྡེ་ཚན་བདུན་གྱིས་ཞིང་སྨན་དང་ཕྱུགས་སྨན་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་མཉམ་དུ་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་། ཞིང་ཆེན་བཟོ་འཕྲིན་ཐིང་བཅས་སྡེ་ཚན་7མཉམ་དུ་ཟི་ལིང་དུ་བརྙན་ལམ་ཚོགས་འདུ་འཚོགས་ནས། ཞིང་སྨན་དང་ཕྱུགས་སྨན་ཐོན་སྐྱེད་གཉེར་སྐྱོང་དང་བེད་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་འབྲེལ། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད།

    གསར་འགོད་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་དེ་ཞིང་སྨན་དང་ཕྱུགས་སྨན་ཐོན་སྐྱེད་དང་། གཉེར་སྐྱོང་། བེད་སྤྱོད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་ནས། གནད་དོན་གྱི་ཁུངས་སྣེ་ཕྱོགས་ཡོངས་ནས་གྲལ་བཤེར་དང་། མངོན་བཤེར་ལྐོག་ཞིབ། མང་ཚོགས་ཀྱི་ཐེར་འདོན་གོང་ཞུ། དྲ་རྒྱའི་གླེང་ཕྱོགས་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་སྤྱད་དེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཤེས་རྟོགས་གཏིང་ཟབ་དང་། བཅོས་སྒྲིག་གི་རྩིས་ཁྲ་རིམ་པ་དབྱེ་ནས་བཟོ་བ། གདུབ་ཟུམ་དོ་དམ་དང་ཐོ་སུབ་ཐག་གཅོད་བཅས་བྱེད་རྒྱུ་རེད། ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཁྲིམས་ཉེས་ཁྲིམས་སྦྲེལ་མཐུད་གཏིང་ཟབ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ནན་ལ་མགྱོགས་མྱུར་ཞིབ་བཤེར་ཐག་གཅོད། དཔེ་མཚོན་གྱོད་གཞི་ཁག་གཅིག་གཅིག་སྡུད་ཞིབ་བཤེར་ཐག་གཅོད་བཅས་བྱས་ཏེ་ཟིལ་གནོན་ཆེན་པོ་ཆགས་པར་བྱེད་རྒྱུ་དང་འབྲེལ། དྲ་རྒྱའི་བྲིན་ཚོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། དྲ་ཐོག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྲིན་ཚོང་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།