དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཨ་ཧྥེ་རི་ཁའི་གཞི་རིམ་འཐུས་མི་མཚོ་སྔོན་དུ་བསྐྱོད་པ།

    མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་དཔྱད་གཞིར་འཛིན་རིན་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-08-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཟི་ལིང་དུ་གནས་པའི་བོད་རུམ་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་པ་ན། གཞོགས་གཅིག་ན་ལག་ཤེས་བཟོ་རྩལ་པས་ས་མཐོའི་ཡུལ་ལྗོངས་དང་མི་རིགས་ཀྱི་རི་མོ་རུམ་ངོས་སུ་འཐགས་པ་དང་། གཞོགས་གཞན་ཞིག་ན་རིག་ནུས་ཅན་གྱི་འཐག་འཁོར་མགྱོགས་མྱུར་འཁོར་སྐྱོད་བྱས་ཏེ་མཛེས་ལ་སྤུས་ལེགས་ཀྱི་བོད་རུམ་ཐོན་སྐྱེད་བྱེད་པ་སོགས་བྲེལ་བརྩོན་ཆེ་ཞིང་གོ་རིམ་ལྡན་པའི་ཐོན་སྐྱེད་བྱེད་སྟངས་དེས་ཨན་ཀོ་ལ་ཧྭ་ཧའེ་རྒྱལ་སྤྱིའི་ཚོང་དོན་ཞབས་ཞུ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝེ་ན་མའི་བློ་སྒོ་ཕྱེ་བ་རེད།

    “ཐོན་སྐྱེད་བྱེད་སྟངས་འདི་ལྟ་བུས་ཨ་ཧྥེ་རི་ཁའི་ཐོན་ལས་འཕེལ་རྒྱས་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད”ཁོང་གིས་བལྟས་ན། བོད་རུམ་ཐོན་ལས་ནི་མཚོ་སྔོན་གྱི་གཞི་རིམ་དམངས་ཕྱུག་གི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱིས་ས་གནས་དེ་གའི་བུད་མེད་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་རིག་ནུས་ཅན་གྱི་ཐོན་སྐྱེད་ལས་རིམ་གྱིས་ཐོན་ནུས་ཀྱི་ཞན་ཆ་སེལ་བ་དང་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱས་ཡོད།

    ཟླ་7ཚེས་30ཉིན་ནས་ཟླ་8ཚེས་4ཉིན་བར། ཕྱི་འབྲེལ་པུའི་ཨ་ཧྥེ་རི་ཁ་སི་ཡིས་གཙོ་གཉེར་དང་མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་དོན་ཁང་གིས་གཉེར་འགན་འཁུར་བའི་2026ལོའི་ཨ་ཧྥེ་རི་ཁའི་གཞི་རིམ་དཔོན་རིགས་ཀྱི་དབུལ་པོ་ཉུང་གཏོང་སྐོར་གྱི་སྤེལ་རེས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་མཚོ་སྔོན་དུ་གཉེར་ཞིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་9ཡི་གཞི་རིམ་དཔོན་རིགས་དང་། ན་གཞོན་ལས་གཏོད་པ། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི་བཅས་33ཞིབ་འཇུག་ཟབ་སྦྱོང་ལ་ཞུགས་པ་རེད།

    མཚོ་སྔོན་ནི་མཚོ་བོད་ས་མཐོར་གནས་ཤིང་། ཆ་སྙོམས་ས་བབ་མཐོ་བ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་ལ། སྔོན་ཆད་ཐག་རིང་ལུང་ཁུག་གི་ས་ཁུལ་མི་ཉུང་བ་ཞིག་གི་འཕེལ་རྒྱས་རྨང་གཞི་ཞན་པ་དང་ཐོན་ལས་གྲུབ་ཆ་རྐྱང་པ་ཡིན་པ་རེད། ལོ་མང་རིང་། ས་གནས་དེ་གས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ཐོན་ཁུངས་ཀྱི་སྤུས་ཀར་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་པོ་ཉུང་གཏོང་དང་། དམངས་འཚོ་ལེགས་གཏོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཐད་རྒྱུན་མཐུད་འཚོལ་ཞིབ་བྱས་ནས་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་ཁག་གཅིག་བསགས་པ་རེད།

    ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་བཟོ་གྲྭའི་འཁོར་ཁང་ནས་ཁ་བྲལ་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་བཏུལ་ཐང་འོད་ཤུགས་གླིང་དུ་སླེབས། ལྗོངས་གཟིགས་སྒང་ནས་རྒྱང་ལྟ་བྱེད་སྐབས། འོད་ཤུགས་ཤེལ་ལེབ་ཡུག་གཅིག་ཏུ་བཀྲམ་པ་ནི་མུ་མཐའ་མེད་པའི“རྒྱ་མཚོ་སྔོན་པོ”ཞིག་དང་ཡོངས་སུ་མཚུངས།

    བཏུལ་ཐང་ནི་སྔོན་ཆད་མྱ་ངམ་ཐང་ཞིག་ཡིན་པས་འབྲོག་ལས་འཕེལ་རྒྱས་ཐད་དུས་ཡུན་རིང་པོར་འགལ་རྐྱེན་འཕྲད་ཡོད། ས་གནས་དེས་ཕུན་སུམ་ཚོགས་པའི་ཉི་འོད་དང་ཐང་རྒོད་ཅན་གྱི་ས་ཆར་བརྟེན་ནས་གནས་དེ་གར་ནུས་རྒྱུ་གསར་པའི་རྟེན་གཞི་བསྐྲུན་པ་དང་འབྲེལ“འབྲོག་ལས་དང་འོད་ཤུགས་གསབ་རེས”ཀྱི་རྣམ་པ་གསར་གཏོད་འཚོལ་ཞིབ་བྱས་ཡོད།

    འོད་ཤུགས་ཤེལ་ལེབ་ཀྱིས་རླུང་འགོག་བྱེ་འཇགས་དང་ས་ཆུ་གསོ་འཁྱོངས་ནུས་ལྡན་བྱས་ནས་ཤེལ་ལེབ་འོག་ཕྱུགས་རྩྭ་སྐྱེ་བར་སྐུལ་འདེད་བཏང་བ་དང་། འབྲོག་པས་གླིང་ཁུལ་དུ་ཕྱུགས་འཚོས་ནས་གསོ་སྤེལ་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད། དེ་གར་ནུས་རྒྱུ་གཙང་མའི་ཐོན་སྐྱེད་དང་། སྐྱེ་ཁམས་སླར་གསོ། འབྲོག་པའི་འབབ་འཕར་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད།

    “གསར་གཏོད་བྱེད་སྟངས་དེ་རིགས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་ཡོད”འགྲེལ་བཤད་ལ་ཉན་རྗེས་ཀི་ནེ་ཡའི་ཙུང་ལིའི་ལས་ཤག་གི་ཁོར་ཡུག་དང་དེ་བཞིན་ཞིང་ལས་དང་། འབྲོག་ལས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བློ་འདྲི་བ་ཏི་ཡཱ་ལུའོ་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

    ཁོང་གིས། ཀྲུང་གོས་སྐམ་ཤས་ཆེ་བའི་ས་ཁོངས་དེ་སྐྱེ་ཁམས་མ་ལག་བཟང་པོ་ཞིག་ཏུ་སྒྱུར་བཀོད་བདེ་བླག་བྱས་ཏེ། ནུས་རྒྱུ་གཙང་མ་དེ་ཉིད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་བར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀར་ལྟ་རྟོག་བྱས་ཡོད། “ཀི་ནེ་ཡའི་ནུས་རྒྱུ་གཙང་མ་གསོག་འཇོག་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བར་བརྟེན། ངས་ཐག་རིང་གྲོང་གསེབ་ཏུ་ཉི་ནུས་བེད་སྤྱོད་བྱེད་པའི་མདུན་ལམ་ཡངས་པོ་མཐོང་བྱུང”ཞེས་གསར་འགོད་པར་བརྗོད་པ་རེད།

    ཟླ་བརྒྱད་པའི་མཚོ་སྔོན་པོར་རླབས་རིས་ཤིག་ཤིག་གཡོ་བ་དང་ཆུ་བྱ་འཕུར་ལྡིང་གར་ལ་རོལ། ས་ཡུལ་དངོས་སུ་བཅར་འདྲི་བྱེད་རིང་ཚང་མས་ཤེས་རྟོགས་བྱས་པ་ལྟར་ན། ལོ་མང་རིང་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་དང་ཉམས་གསོ་བྱས་པར་བརྟེན། མཚོ་སྔོན་པོའི་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་སྲོག་ཆགས་དགོ་དམར་མགོ་གྲངས་300ཡང་མ་ཟིན་པ་ནས་མགོ་གྲངས་3700ལྷག་ཙམ་བར་སླར་གསོ་བྱུང་བ་དང་། ཙོང་ཉ་ཏུན་ཁྲི་13.3བར་སླར་གསོ་བྱུང་བ། ཆུ་བྱ་ཁྲི་60.6ལྷག་ཙམ་ཟིན་པ་བཅས་རེད།

    ལྷོ་ཨ་ཧྥེ་རི་ཁའི་ན་གཞོན་ལས་གཏོད་པ་ཞའོ་ལེར་དེའི་ཐད་བག་ཆགས་ཟབ་མོ་བྱུང་ཡོད། ཁོང་གིས“ཀྲུང་གོས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཡུན་རིང་སྐུལ་འདེད་གཏོང་བ་དང་ཚན་རྩལ་འཕེལ་རྒྱས་ལ་བརྟེན་པའི་དུས་མཚུངས་སུ་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོ་སྲུང་གི་ཡོད། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དེ་རིགས་དཔྱད་གཞིར་འཛིན་རིན་ཡོད”ཅེས་བརྗོད་པ་རེད།

    ཀག་ནའི“ཆུ་ཚོད་24+”དཔལ་འབྱོར་དྲུང་ཡིག་ཁྲུའི་སྤྱི་ཚོགས་སྲིད་ཇུས་ཀྱི་བློ་འདྲི་བ་ཡཱ་ཏང་གིས། ད་ཐེངས་ཀྱི་ཞིབ་འཇུག་ཟབ་སྦྱོང་ནང་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་གསར་པ་མང་པོ་ཤེས་རྟོགས་བྱུང་། དེ་ལས་ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་བསྟར་གྱི་ཀྲུང་གོའི་བློ་གྲོས་གང་ལེགས་མངོན་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།