ཚན་རྩལ་གནའ་རྫས་རྟོག་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཉེ་ཆར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་གཉེར་བྱས་པའི་ཚན་རྩལ་གནའ་རྫས་རྟོག་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འགོ་ཚུགས་པ་རེད། བགྲོ་གླེང་ཚོགས་འདུའི་ཐོག ཀྲུང་གོ་དང་ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་གྱི་གཏམ་བཤད་སྤེལ་བ་དང་། “གནའ་བོའི་རྒྱལ་ཁབ་ཆགས་སྟངས་ལམ་སྲོལ་དང་སྣེ་མང་ཐབས་ལམ”དང“ཚན་རྩལ་མཐུད་མཇུག་དང་མི་ཆོས་རྟོག་དཔྱོད” “སྤྱི་པའི་གནའ་རྫས་རྟོག་ཞིབ་དང་། གྲངས་འཛིན་ཅན་གྱིས་མཐུན་རྐྱེན་སྦྱོར་བ། རིག་གནས་ཤུལ་བཞག་བཅས་ཀྱི་རྒྱུན་མཐུད་ཆོག་པའི་རང་བཞིན”སོགས་བྱེ་བྲག་གྲོས་དོན་6ལ་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་ཡོད། འདི་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོ་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་དུ་ལྟ་སྐོར་བརྟག་ཞིབ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།