དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྲུང་ཆིང་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པར་ལོ་སྟོད་དུ་མེ་འཁོར་གཏོང་ཚད་དུས་མཚུངས་ལས་25%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-11

    ཁྲུང་ཆིང་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ཁྲུང་ཆིང་གིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་བརྒྱུད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་287.1ཟིན་པ་དེ་དུས་མཚུངས་ལས་13.7%འཕར་བ་དང་། བགྲོད་ལམ་དེས་ས་གནས་དེ་གའི་ཕྱིར་ཚོང་ལ་ཐོན་པའི་སྐུལ་ཁྲིད་ནུས་པ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་རེད། འདི་ནི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་ཁྲུང་ཆིང་ཡུས་ཙུའེ་འབབ་ཚུགས་ནས་ཐོན་པ་དང་། དུས་གཏན་མེ་འཁོར་དེའི་ནང་བྱུར་བུར་བླུགས་པའི་རླངས་འཁོར་དང་སྦག་སྦག་གི་ལྷུ་ལག་སོགས་ཀྱི་ཐོན་རྫས་དག་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་ཁྲོམ་རར་འཚོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།