དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དུས་ཐེངས་གཉིས་པའི《ཨ་ཧྥེ་རི་ཁར་དབྱངས་སྙན་སྒྲོག》ཅེས་པའི་ལེ་ཚན་ནེ་རོ་པི་རུ་འགོ་ཚུཌ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-11

    འདི་ནི་ཟླ་8ཚེས་7ཉིན། ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་འཚོགས་པའི་དུས་ཐེངས་གཉིས་པའི《ཨ་ཧྥེ་རི་ཁར་དབྱངས་སྙན་སྒྲོག》ཅེས་པའི་འགོ་ཚུགས་མཛད་སྒོར་གཞས་མས་གླུ་གཞས་གཏོང་བཞིན་པ།

    ཚེས་7ཉིན། རོལ་དབྱངས་ཕུད་འདེམས་ལེ་ཚན་གྱི་དུས་ཐེངས་གཉིས་པའི《ཨ་ཧྥེ་རི་ཁར་དབྱངས་སྙན་སྒྲོག》ཅེས་པའི་འགོ་ཚུགས་མཛད་སྒོ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་འགོ་ཚུགས་ཤིང་། ལེ་ཚན་དེ་ནི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་རྩེ་གྲའི་གྲས་ཤིག་ཡིན་པ་དང་། ན་ནིང་ལོ་མཇུག་ནས་ད་ལོའི་ལོ་འགོའི་བར་དུས་ཐེངས་དང་པོའི་ལེ་ཚན་ཁེན་ནི་ཡར་པར་ལེན་བྱས་ཏེ་བསྟན་ཟིན་པ་རེད།

    ཁེན་ནི་ཡའི་ཕོ་མོ་འདྲ་མཉམ་དང་རིག་གནས་དང་བྱིས་པའི་ཞབས་ཞུ་པུའི་པུའུ་ཀྲང་གཞོན་པ་ཨན་ནི·དབང་མུའུ་པེ་ཡིས། རིག་གནས་དང་བསམ་བཀོད་ཐོན་ལས་ནི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། 《ཨ་ཧྥེ་རི་ཁར་དབྱངས་སྙན་སྒྲོག》གིས་ཨ་ཧྥེ་རི་ཁའི་གཞོན་ནུར་ཡོན་ཏན་ངོམས་ཤིང་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད་ཅེས་བརྗོད།

    ཁེན་ནི་ཡའི་གཞོན་ནུའི་ལས་དོན་དང་བསམ་བཀོད་དཔལ་འབྱོར་དང་ལུས་རྩལ་པུའི་ལས་ཚབ་དབུ་བཞུགས་དྲུང་ཡིག་ནུ་ཡཱ·ཨའོ་ཏི་ཨེན་ཏེ་ཡིས《ཨ་ཧྥེ་རི་ཁར་དབྱངས་སྙན་སྒྲོག》ཅེས་པའི་ལེ་ཚན་གྱིས་གཞོན་ནུ་དེ་བས་མང་བར་བསམ་བཀོད་ཀྱི་ཕུགས་འདུན་དོན་གཉེར་དང་མཛའ་གྲོགས་འཛུགས་པར་སྐུལ་ལྕག་བྱས་ཏེ། འཛམ་གླིང་ལ་ཨ་ཧྥེ་རི་ཁའི་རིག་གནས་ཀྱི་སྣ་མང་རང་བཞིན་དང་གཞོན་ནུའི་གསར་གཏོད་ཀྱི་ནུས་པ་མངོན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།