དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར་ནང་འདྲེན་བྱེད་ཚད་དེ་ཕྱིར་གཏོང་བྱེད་ཚད་ལས་བརྒྱ་ཆའི་གྲངས་8ཀྱིས་མཐོ་བ་ཡོད་པ་དེས་གང་མཚོན་གྱི་ཡོད་དམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལུའོ་ཧྲན་ཧྲན།   |     སྤེལ་དུས།  2026-08-11

    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་12.69ཟིན་པ་དེ་དུས་མཚུངས་ལས་22%འཕར་བ་དང་འཕར་ཚད་ཕྱིར་གཏོང་བྱེད་ཚད་ལས་བརྒྱ་ཆའི་གྲངས་8ཀྱིས་མཐོ་བ་ཡོད། ང་ཚོས་རྒྱུན་དུ་ཀྲུང་གོའི་བཟོ་སྐྲུན་ཕྱིར་གཏོང་མགྱོགས་མྱུར་འཕར་བར་དོ་སྣང་བྱེད་པ་ལས་ནང་འདྲེན་བྱེད་ཚད་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད། ནང་འདྲེན་བྱེད་ཚད་འཕར་བར་རྒྱུ་རྐྱེན་གང་ཡོད་དམ། ང་ཚོས་ནང་འདྲེན་རྒྱ་བསྐྱེད་གཏོང་དོན་གང་ཡིན་ནམ།

    ——མི་དམངས་དྲ་བའི་དྲ་གྲོགས་ཀྱིས་བཏོན་པའི་དྲི་བ།

    དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་ཁག་གཅིག་གིས་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་སྐོར་གླེང་སྐབས། རྟག་ཏུ་ཕྱིར་གཏོང་འཕར་བ་ཁོ་ནར་དོ་སྣང་བྱེད་རྒྱུར་གོམས་པ་དང་། ཐ་ན“ཀྲུང་གོས་ཐོན་སྐྱེད་ནུས་པ་ཕྱིར་གཏོང་ལ་གཞོལ་ནས་རྒྱལ་ཁབ་གཞན་གྱི་བར་མཐོངས་ཆུང་དུ་གཏོང་བའི”ཕྱོགས་ལྷུང་དང་དོན་དངོས་དང་མི་མཐུན་པའི་ལྟ་ཚུལ་ཐོན་ཏེ། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་ཀྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པ་དང་དངོས་ཟོག་ནང་འདྲེན་བྱེད་རྒྱུ་ཡོད་ལ་ཕྱིར་གཏོང་ཡང་བྱེད་རྒྱུ་ཡོད་པ་སྣང་མེད་དུ་གཏོང་གི་ཡོད། ཟླ་དང་པོ་ནས་བདུན་པའི་བར། ཀྲུང་གོའི་ནང་འདྲེན་འཕར་ཚད་དེ་ཕྱིར་གཏོང་བྱེད་ཚད་ལས་བརྒྱ་ཆའི་གྲངས་8ཀྱིས་མཐོ་བ་ཡོད་པ་དང་ཕྱི་ཕྱོགས་ཚོང་དོན་འཕར་བའི་ལེགས་སྐྱེས་དེ་ཕྱིར་གཏོང་ལས་ཆེ་བ་ཡོད་པས་སྔར་ཡོད་ཀྱི་ཕྱོགས་ལྷུང་མེད་པ་བཟོས་ཡོད།

    ཀྲུང་གོའི་ནང་འདྲེན་འཕར་སྣོན་ཆེན་པོ་བྱུང་དོན་གང་ཡིན་ནམ། སྔོན་ལ་ང་ཚོས་ཅི་ཞིག་ཉོས་པར་གཟིགས་དང་།

    ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་གི་མ་བཅོས་རྒྱུ་ཆ་དང་། ལྷུ་ལག བར་བརྒྱུད་དངོས་ཟོག་བཅས་འབོར་ཆེན་ཉོས་པ་དང་། དངོས་ཟོག་དེ་དག་རྒྱལ་ནང་གི་བཟོ་ཁང་ནང་བཏང་ནས། ཀྲུང་གོས་བཟོ་སྐྲུན་བསྐྱར་སྒྲིག་དང་། གསར་གཏོད། གནས་ཐང་རིམ་སྤོར་བྱས་པ་བརྒྱུད་ཁག་གཅིག་རྒྱལ་ནང་གི་ཁྲོམ་རར་མཁོ་འདོན་བྱེད་པ་དང་ཁག་གཅིག་གོ་ལ་ཧྲིལ་པོའི་ཁྲོམ་ར་ཁག་ཏུ་ཕྱིར་གཏོང་བྱེད་ཀྱི་ཡོད། ལོ་སྟོད་དུ་རང་རྒྱལ་གྱིས་ལྕགས་རིགས་གཏེར་བྱེ་དང་གློག་རྡུལ་ལྷུ་ལག་ནང་འདྲེན་བྱེད་ཚད་22.6%དང་45.6%སོ་སོར་འཕར་ཡོད།

    ཀྲུང་གོ་འདི་ཉིད་བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། སྒོ་རྒྱག་རང་འདང་དང་འཛམ་གླིང་ཁོ་ནར་ཐོན་སྐྱེད་ནུས་པ་ཕྱིར་གཏོང་བྱེད་མཁན་གྱི་ཐོན་སྐྱེད་འཕྲུལ་འཁོར་ཞིག་གཏན་ནས་མིན་པར། གོ་ལ་ཧྲིལ་པོའི་ལས་བགོས་དང་གོང་འོག་རོགས་ཟླའི་སྣེ་ཁྲིད་དེ་ཚང་མར་ཕན་པ་བསྐྲུན་མཁན་གྱི“འཛམ་གླིང་གི་བཟོ་གྲྭ”ཞིག་རེད། ཀྲུང་གོ་འདི་ཉིད་འཛམ་གླིང་ཕྱོགས་སུ་སྐྱོད་པའི་རྒྱབ་ཕྱོགས་སུ་རྒྱལ་ཁབ་ཁག་གི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་ཀྲུང་གོའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བསྡུ་སྒྲིལ་འོག་རིན་ཐང་ཆེ་ཤོས་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་ནང་འདྲེན་བྱེད་ཚད་དང་། ཐོན་སྐྱེད་བྱེད་ཚད། ཕྱིར་གཏོང་བྱེད་ཚད་ཇི་ཙམ་ཆེ་བ་ཡོད་ན། རྒྱལ་སྤྱིའི་འཁོར་རྒྱུག་ཆེ་མོ་དེ་ཙམ་གྱིས་ཕན་འབྲས་ཆེ་རུ་འགྲོ་རྒྱུ་དང་གོ་ལ་ཧྲིལ་པོའི་ཐོན་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་གསོན་ཤུགས་དེ་ཙམ་གྱིས་ཆེ་རུ་འགྲོ་སྲིད།

    ནང་འདྲེན་འཕར་བ་ལས“འཛམ་གླིང་གི་བཟོ་གྲྭའི”ནུས་པ་མངོན་པ་མ་ཟད། “འཛམ་གླིང་གི་ཁྲོམ་རའི”འགན་འཁྲི་འཁུར་སེམས་ཀྱང་མངོན་ཡོད།

    ཀྲུང་གོ་ནི་བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ཞིག་རེད་ལ་འཛད་སྤྱོད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་རེད། འཛམ་གླིང་དངུལ་ཁང་གི་ཉོ་ནུས་རྒྱུན་གོང་ལྟར་བརྩིས་ན། 2025ལོར་ཀྲུང་གོའི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་ཨ་རིའི་ལྡབ་1.7ཡིན་པ་དེ་དོན་དངོས་ཐོག་གོ་ལ་ཧྲིལ་པོའི་ཚོང་ཟོག་འཛད་སྤྱོད་ཁྲོམ་ར་ཆེ་ཤོས་དང་པོ་དེ་རེད། མིག་སྔར། ཀྲུང་གོའི་དངོས་རྫས་འཛད་སྤྱོད་བྱེད་ཚད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་བཟོ་ལས་ཐོན་རྫས་ཁག་གཅིག་གི་མི་རེའི་ཆ་སྙོམས་ལོའི་འཛད་སྤྱོད་བྱེད་ཚད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་ཡོད། ལོ་སྟོད་དུ་བཟའ་སྣུམ་ནང་འདྲེན་དང་བཟའ་བཅའི་ཆུའི་ཐོན་རྫས་ནང་འདྲེན་བྱེད་ཚད་19.2%དང་24.1%སོ་སོར་འཕར་ནས་འཛད་སྤྱོད་ཐོན་རྫས་དང་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

    2035ལོར་སླེབས་སྐབས། རང་རྒྱལ་གྱི་མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དར་རྒྱས་འབྲིང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་རྒྱུ་དང་ཡོང་འབབ་འབྲིང་བའི་མི་ཚོགས་མངོན་གསལ་དོད་པོས་མང་དུ་འགྲོ་རྒྱུ་རེད། འཛད་སྤྱོད་ཀྱི་བར་མཐོངས་ཆེ་བ་དང་མི་མངོན་པའི་ནུས་པ་དང་གསོན་ཤུགས་འདང་ངེས་ཡོད་པས་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ཤུགས་ཆེན་པོ་རྒྱུན་མཐུད་བསྣན་རྒྱུ་རེད།

    དེ་བས་ལས་སླ་པོ་ཞིག་མིན་པ་ནི། འཛད་སྤྱོད་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོ་ནི་རང་འགུལ་ངང་སྒོ་མོ་འབྱེད་མཁན་ཞིག་རེད།

    ཀྲུང་གོས་རྒྱལ་ཁབ་63ལ་སྒོ་ཁྲལ་མེད་པའི་སྲིད་ཇུས་ལག་ལེན་བསྟར་བ་དེ་ནི་གོ་ལ་ཧྲིལ་པོ་ནས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཚང་མ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཚང་མར་ཡོངས་ཁྱབ་ཀྱི་སྒོ་ཁྲལ་མེད་པའི་ཐོབ་ཐང་མངོན་འགྱུར་བྱུང་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་དང་། རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་གཉེར་མཁན་རྒྱལ་ཁབ་འབའ་ཞིག་དེ་ཡིན་ཞིང་། སྐབས་8བདེ་བླག་ངང་གཉེར་བར་རིམ་རྩིས་བརྒྱབ་ན་འདོད་མཐུན་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་5800ལྷག་ཙམ་ཟིན་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོས་རིམ་རྩིས་བརྒྱབ་ན་ནང་འདྲེན་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་90ལྷག་ཙམ་ཟིན་པ་དང་། ནང་འདྲེན་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་ལོ་17བསྟུད་མར་སླེབས་ནས་རྒྱལ་ཁབ་80ཙམ་གྱི་ཕྱིར་གཏོང་བྱ་ཡུལ་གཙོ་བོར་གྱུར་པ་དེ་ཐོག་ནས་ཀྲུང་གོ་ནི“འཛམ་གླིང་གི་བཟོ་གྲྭ”ཙམ་མ་ཟད།“འཛམ་གླིང་གི་ཁྲོམ་ར”དེ་བས་ཀྱང་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད།

    དེའི་སྐོར་གླེང་སྐབས་དྲ་གྲོགས་ཁག་གཅིག་གི་བསམ་པར་གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་བསམ་པའི་རླབས་རྒྱུན་འཕྱུར་བ་དང་། རྒྱལ་ཁབ་ཁག་གཅིག་གིས་སྒོ་ཁྲལ་ཐོལ་པ་བསྡུ་བ་དང་། ཚོང་དོན་གྱི་བཀག་རྒྱ་བཟོ་བ། ཕྱིར་གཏོང་གི་ཐོབ་ཆ་ཧབ་ཐོབ་རྒྱག་པ་བཅས་ཀྱི་དེང་གི་དུས་སུ་ཀྲུང་གོས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་རང་འགུལ་ངང་ཁྲོམ་རའི་ཁེ་སྤོགས་ཆེ་རུ་གཏོང་བའི་དམིགས་ཡུལ་གང་ཡིན་སྙམ་པའི་དོགས་པ་བྱེད་ཀྱི་ཡོད།

    དྲང་པོར་བརྗོད་ན། འཛད་སྤྱོད་རིམ་སྤོར་གྱི་ཚ་རླབས་འོག གོ་ལ་ཧྲིལ་པོའི་སྤུས་ལེགས་འཛད་ཟོག་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ནང་འདྲེན་བྱས་པ་ལས་མི་སེར་གྱི་འཚོ་བའི་གདམ་ག་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཐོན་ལས་རིམ་སྤོར་གྱི་དགོས་མཁོའི་འོག གོ་ལ་ཧྲིལ་པོའི་རྩེར་སོན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ནང་འདྲེན་བྱས་པ་ལས་རྒྱལ་ནང་གི་དཔལ་འབྱོར་སྒུལ་ནུས་ཆེ་རུ་ཕྱིན་ཡོད།

    ཞིབ་པར་བརྗོད་ན། འབྱུང་རྩ་ནི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཐུན་འགྲོགས་མཉམ་གནས་རྒྱུན་འཁྱོངས་བྱས་པར་ཐུག་ཡོད། རྒྱལ་ཁབ་ཁག་གཅིག་གིས་ཚོང་དོན་དེ་རྒྱལ་ཕམ་ཐག་གཅོད་ཀྱི་འཐབ་ཇུས་སུ་བརྩི་བ་དང་ཕྱོགས་རྐྱང་པའི་ཁེ་ཕན་དོན་གཉེར་བྱེད་པ་དང་མི་འདྲ་བར། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཚོང་དོན་གྱི་ངོ་བོ་ནི་ཕྱོགས་གཉིས་ལ་མཐུན་རྐྱེན་སྦྱོར་བ་དང་གཉིས་ཁེ་གཉིས་ཕན་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

    དེ་ནི་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་ཁྲོད་དུ་མངོན་གསལ་ཧ་ཅང་དོད་པོ་ཡོད། ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱིས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཟླ་5པ་དང་6པ་ཁོ་ནར་རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་ནས་ཁྱོན་བསྡོམས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1938ཟིན་པ་དེ་དུས་མཚུངས་ལས་23.5%འཕར་བ་དང་། ཨ་ཧྥེ་རི་ཁའི་ཁྱད་ལྡན་ཐོན་རྫས་འབོར་ཆེན་གྱིས་ཀྲུང་གོའི་ཁྲོམ་རར་བརྟེན་ནས་ཚོང་ལམ་གཏོད་པ་དང་། ཐོན་ལས་འཁྲུག་ཏུ་གཏོང་བ། ལས་ཞུགས་ལ་སྐུལ་ཁྲིད་བཅས་བྱས་ཡོད། ཀྲུང་གོས་སྒོ་ཁྲལ་གཅོག་པ་དང་ནང་འདྲེན་བྱེད་པ་ནི་གཞན་དབང་གི་ཉོ་ཚོང་བྱ་སྤྱོད་ཅིག་མིན་པར་རང་འགུལ་ངང་གདམ་ག་དང་ཁེ་ཕན་མཉམ་སྤྱོད་བྱེད་པའི་ལམ་ལུགས་རྣམ་པའི་སྒོ་དབྱེ་ཞིག་རེད།

    ཀྲུང་གོས་དམིགས་སུ་བཀར་ནས་ཚོང་དོན་དྲང་ཁྱད་དོན་གཉེར་གཏན་ནས་བྱེད་མྱོང་མེད། ཕྱིར་གཏོང་དང་ནང་འདྲེན་གང་ཞིག་ཡིན་རུང་དེའི་ངོ་བོ་ནི་ཀྲུང་གོས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀར་ཁྱབ་པ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་འབྲེལ་ཐག་ཅིག་རེད། ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“ཚོང་དོན་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་བྱས་ཡོད། “འཛམ་གླིང་གི་བཟོ་གྲྭ”རིམ་འཇུག་རིམ་སྤོར་དང“འཛམ་གླིང་གི་ཁྲོམ་ར”རྒྱུན་མཐུད་རྒྱ་ཆེར་འགྲོ་བ་དང་བསྟུན་ནས། ཀྲུང་གོས་མུ་མཐུད་ཕྱོགས་གཉིས་སྒོ་དབྱེར་བརྟེན་ཏེ་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོ་ཐུན་མོང་འཕེལ་རྒྱས་ཡོང་བར་བརྩོན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།