དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་7པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་བྱེད་འབོར་ཨ་སྒོར་དུང་ཕྱུར་34188ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-11

    རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་7པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་བྱེད་འབོར་ཨ་སྒོར་དུང་ཕྱུར་34188ཟིན་པ་དེ་ཟླ་6པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་25འཕར་ནས་འཕར་ཚད་0.07%ཟིན་ཡོད།

    ཟླ་7པར། གོ་ལ་ཧྲིལ་པོའི་སྤྱི་ཁོག་གནས་བབ་དང་དཔལ་འབྱོར་དངོས་ཚན་གཙོ་བོའི་དངུལ་ལོར་སྲིད་ཇུས་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཨ་སྒོར་གྱི་སྟོན་གྲངས་ཆག་ནས་གོ་ལ་ཧྲིལ་པོའི་དངུལ་རྩའི་རྒྱུ་ནོར་གཙོ་བོའི་རིན་གོང་འཕར་བ་དང་། དངུལ་བརྗེས་འཛའ་ཐང་གི་ཕབ་རྩིས་དང་རྒྱུ་ནོར་གྱི་རིན་གོང་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པའི་རྐྱེན་གྱིས་ཟླ་འདིའི་ཕྱི་དངུལ་གསོག་འཇོག་བྱེད་འབོར་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་དཔལ་འབྱོར་ལ་སྒུལ་ནུས་གསར་པ་དང་གྲུབ་ཆ་ལེགས་སུ་ཕྱིན་པའི་འཕེལ་ཕྱོགས་མངོན་པ་དང་། མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་པས། ཕྱི་དངུལ་གསོག་འཇོག་གཞི་ཁྱོན་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་ཕན་ཐོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།