དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་800ལྷག་ཙམ་དྲངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-11

    འདི་ནི་ཧོ་ནན་ནན་དབྱང་གི་ལྷོ་ཆུ་བྱང་འདྲེན་དབུས་རྒྱུད་ལས་གྲྭའི་མ་ཡུར་ཧྲི་ཨར་ལི་གཙང་པོའི་བརྒལ་ཤུར་ཡིན་པ།

    གསར་འགོད་པར་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་7ཉིན་བར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭས་རིམ་རྩིས་བརྒྱབ་ན། བྱང་ཕྱོགས་སུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་800ལྷག་ཙམ་དྲངས་པ་དང་། དབུས་རྒྱུད་ལས་གྲྭའི་ཆུའི་སྤུས་ཚད་དེ་ས་ངོས་ཆུའི་Ⅱརིགས་དང་དེ་ཡན་གྱི་ཚད་གཞིར་བརྟན་པོ་སླེབས་ནས། ཧོ་ནན་དང་། ཧོ་པེ། ཐེན་ཅིན། པེ་ཅིང་བཅས་ཀྱི་མི་དུང་ཕྱུར་1.18ཙམ་ལ་ཕན་པ་ཐོབ་སྟེ། ལམ་རྒྱུད་ཀྱི་གྲོང་ཁྱེར་ཆེ་འབྲིང་27དང་རྫོང་དང་། གྲོང་ཁྱེར། ཆུས་བཅས་243ལ་ཕན་པ་ཐོབ་ཡོད།

    དབུས་རྒྱུད་ལས་གྲྭའི་ཆུ་ཤར་གཏོང་ཐུབ་པ་ནས་བཟུང་ཆུ་མཁོ་འདོན་བྱེད་ཚད་བརྟན་པོ་འཕར་བ་དང་ཆུ་སྤྱོད་ས་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། པེ་ཅིང་གི་ལྟེ་བའི་གྲོང་ཁུལ་དུ“ལྷོ་ཆུ”སྤྱོད་ཚད་80%ཙམ་ཟིན་པ་དང་། ཐེན་ཅིན་གྱི་གྲོང་ཁུལ་གཙོ་བོ་ཕལ་ཆེ་བའི་ཆུ་ཚང་མ་ལྷོ་ཆུ་བྱང་འདྲེན་ལས་བྱུང་བ། ཧོ་པེ་ཡི་ཆུ་སྤྱོད་མི་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་འབོར་གྱི་70%ཙམ་ཟིན་ཡོད།

    ཆུ་ཤར་གཏོང་ཐུབ་ཚུན། དབུས་རྒྱུད་ལས་གྲྭས་ཏན་ཅང་ཁོའུ་ཆུ་མཛོད་ཀྱི་འབྲུབ་དུས་གོང་གི་ཆུ་ཁ་དམའ་རུ་གཏོང་བ་དང་དེ་བཞིན་འབྲུབ་དུས་ཀྱི་ཆུ་བཤངས་ནས་ལམ་རྒྱུད་ཀྱི་གཙང་པོ་དང་མཚེའུ་50ལྷག་ཙམ་གྱི་སྐྱེ་ཁམས་ལ་ཆུ་གསབ་སྟེ། མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་སྤེལ་རོགས་བྱས་ཡོད། དབུས་རྒྱུད་ལས་གྲྭས་ཧྭ་བྱང་ས་ཁུལ་གྱི་ས་འོག་ཆུ་ཚད་ལས་བརྒལ་ཏེ་སྔོག་འདོན་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་ལ་རམ་འདེགས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཧྭ་བྱང་ས་ཁུལ་གྱི་ས་འོག་ཆུའི་ཆུ་ཁ་ཡུན་རིང་ཆག་པའི་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།