དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་སྟོད་དུ་རང་ལྗོངས་སུ་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་97.31ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-11

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་ལ་རང་ལྗོངས་སུ་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་97.31ཟིན་ཏེ་དུས་མཚུངས་ལས་15.49%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.25དང་། ཆུ་ཚོད་ཆན་ཝ་དུང་ཕྱུར་48.4 ཆུ་ཚོད་ཆན་ཝ་དུང་ཕྱུར་33.4 ཆུ་ཚོད་ཆན་ཝ་དུང་ཕྱུར་14.26བཅས་སོ་སོར་ཟིན་ནས་17.72%དང་། 17.06% 14.36% 12.77%བཅས་སོ་སོར་འཕར་བ་དང་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་བསྡུར་ཚད་ཀྱི་1.29%དང་། 49.73% 34.33% 14.65%བཅས་སོ་སོར་བཟུང་ཡོད།

    གྲངས་གཞི་ལས་མངོན་པར། 2026ལོའི་ལོ་སྟོད་དུ། རང་ལྗོངས་ཀྱི་ལས་རིགས་གཙོ་བོའི་གློག་སྤྱོད་ཚད་བརྟན་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་མདོག་ཅན་ལྕགས་རིགས་གཏེར་འདོན་ལས་རིགས་དང་ཨར་འདམ་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་71.20%དང་100.56%སོ་སོར་ཟིན་ཡོད། ཨར་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་20.74%འཕར་བའི་ནང་ས་རྡོའི་ཨར་སྐྲུན་ལས་རིགས་ཀྱི་39.95%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་གློག་སྤྱོད་ཚད་30.36%འཕར་བའི་ནང་ནགས་ལས་ཀྱི་གློག་སྤྱོད་ཚད་43.71%འཕར་ཡོད། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་གློག་སྤྱོད་ཚད་15.73%འཕར་བའི་ནང་གློག་གསོག་གློག་རྫས་བརྗེ་བའི་ཞབས་ཞུའི་ལས་རིགས་166.81%འཕར་ཡོད། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་གློག་སྤྱོད་ཚད་16.28%འཕར་ཡོད། གྲོང་ཁྱེར(ས་ཁུལ)དབྱེ་ནས་བལྟས་ན། 2026ལོའི་ལོ་སྟོད་དུ་ལྷ་སར་དུས་མཚུངས་ལས་18.90%འཕར་བ་དང་། ཉིང་ཁྲིར་དུས་མཚུངས་ལས་24.01%འཕར་བ། མངའ་རིས་སུ་དུས་མཚུངས་ལས་19.60%འཕར་བ། ལྷོ་ཁར་དུས་མཚུངས་ལས་15.91%འཕར་བ། གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་སུ་6.24%དང་། 6.18% 6.87%བཅས་སོ་སོར་འཕར་ཡོད་པ་རེད།

    གློག་སྤྱོད་ཚད་བརྟན་པོ་འཕར་བ་དེ་བརྟན་ཞིང་བློས་འགེལ་ཆོག་པའི་གློག་ཤུགས་འགན་སྲུང་དང་ཁ་འབྲལ་ཐབས་མེད། 2006ལོའི་ལོ་སྟོད་དུ། རང་ལྗོངས་ཀྱི་གློག་དྲའི་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་བྱུང་ཞིང་། གློག་ཤུགས་དང་གློག་སྤྱོད་ཚད་དོ་སྙོམས་དབྱེ་ཞིབ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་། བོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གློག་ཤུགས་མཁོ་སྤྲོད་འགན་ལེན་ཇུས་གཞི་བཀྲམ་པ། ཞིབ་བཤེར་བཟོ་བཅོས་ལས་འགན་ཁག་801ནུས་ཆེའི་ངང་ལེགས་སྒྲུབ་བྱས་ནས། གློག་དྲའི་ཉེན་ཁར་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་ཡོད། གློག་ཤུགས་མཁོ་སྤྲོད་བརྟན་ལ་གོ་རིམ་ལྡན་ཞིང་གློག་ཤུགས་ཐེག་ཚད་དོ་དམ་བྱ་ཐབས་མ་སྤྱད་པར། གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ལས་འགན་གཙོ་བོ་ཁག་155བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། ནུས་རྒྱུ་གཙང་མ་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། གློག་འདོན་ཁེ་ལས་ཀྱིས་དྲ་སྦྲེལ་ཞབས་འདེགས་ཡག་པོ་ཞུ་བར་མཛུབ་ཁྲིད་དང་། ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་678གཅིག་གྱུར་བཀོད་གཏོང་བྱས་ཏེ་དུས་མཚུངས་ལས་19.4%འཕར་བ། རླུང་གློག་དང་། འོད་ཤུགས། ཆུ་གློག ནུས་གསོག་བཅས་མཉམ་འབྲེལ་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་པས་ནུས་གསོག་བེད་སྤྱོད་ཀྱི་ལས་ཕྱོད་དུས་མཚུངས་ལས་27.9%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།