སྒྲིག་ལམ་ཡག་པོ་བཟོས་ནས་དབང་ཆ་ཕྱི་གསལ་ནང་གསལ་ངང་སྤྱོད་དགོས།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གསལ་བསྒྲགས་སྤེལ་ནས། ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཡོན་ཀྲང་གིས། ངོ་སོའི་འདུ་འགོད་དང་འབྲེལ་བའི་རྣམ་གྲངས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། རྣམ་པ་གང་རུང་གི་ཁེ་ཕན་སྤྲོད་པ་དང་སྒྲིག་འགལ་བཀོལ་སྤྱོད་གཏན་འགོག་བྱས་ཏེ་རང་འགུལ་ངང་སྨན་ཁང་ཡོངས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུའི་ཁས་ལེན་ནན་པོ་བྱས་པ་རེད།
གསལ་བསྒྲགས་དེའི་ནང་། སྨན་བཅོས་ཁྱབ་ཁོངས་སུ“འབྲེལ་བ་འཚོལ་བ”སོགས་ཀྱི“སྲོལ་ངན”ལ་ཐད་ཀར་རྡུང་རྡེག་གཏོང་བ་ནི་མངོན་མེད་ཁེ་ཕན་གྱི་འབྲེལ་ཐག་གཅོད་པ་དང་སྲོལ་བཟང་སྤྱོད་བཟང་གི་སྨན་བཅོས་ལས་རིགས་ཀྱི་ཁོར་ཡུག་གཏོད་པའི་ཆོད་སེམས་ཤིག་རེད་ལ། མི་རིགས་ཁག་གི་མང་ཚོགས་ལ་སྨན་བཅོས་ཐོན་ཁུངས་ཀྱིས་ནད་པར་ཞབས་འདེགས་ཞུ་བ་ལས་མི་སྒེར་གྱི་འབྲེལ་བའི་ཚབ་མཚོན་ཞིག་གཏན་ནས་མིན་པ་ཡོངས་བསྒྲགས་ངང་ཁས་ལེན་བྱས་པ་ཞིག་ཀྱང་རེད།
དབང་ཆ་ཕྱི་གསལ་ནང་གསལ་ངང་སྤྱོད་རྒྱུ་ནི་ཀུན་གྱིས་ཡིད་ཆེས་སྲུང་སྐྱོང་བྱེད་སྟངས་ཡག་ཤོས་ཤིག་རེད། ལས་གྲྭ་འཛུགས་སྐྲུན་དང་དངོས་ཟོག་ཉོ་སྒྲུབ་ཡོངས་བསྒྲགས་ཁ་གསལ་དང་། “འབྲེལ་བ་ཡོད་མཁན”གྱིས་ལས་སྒོ་སྣ་ཚོགས་ལ་ཐེ་ཇུས་བྱེད་པའི་བགྲོད་ལམ་རྦད་དེ་འགོག་པ། ནད་བཅོས་སྲོག་སྐྱོབ་ཀྱི་ཐོག་མའི་བསམ་འདུན་བཟང་པོ་མངོན་འགྱུར་བཅས་བྱས་ཚེ། མཐར་དེ་བས་ལེགས་པའི་སྨན་བཅོས་ཞབས་ཞུས་ནད་པ་ཚང་མར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།