བོད་ཀྱིས་གསར་སྤེལ་མ་འཇོག་བྱས་པའི་ཡོར་པ་རླུང་གློག་རྣམ་གྲངས་ཀྱི་རླུང་འཁོར་ཐོག་མ་འདེགས་སྒྲིག་ཟིན་པ།

ཉེ་ཆར། བོད་ཀྱིས་གསར་སྤེལ་མ་འཇོག་བྱས་པའི་ཡོར་པའི་100MWཡི་རླུང་གློག་ལྷན་སྦྱར་ནུས་གསོག་རྣམ་གྲངས་ཀྱི་རླུང་འཁོར་ཐོག་མ་འདེགས་སྒྲིག་ཟིན་ནས་རྣམ་གྲངས་ཀྱི་སྒྲིག་ཆས་གཙོ་བོ་གཅིག་སྡུད་སྒྲིག་སྦྱོར་བྱེད་པའི་དུས་མཚམས་ལ་དངོས་སུ་སླེབས་ཡོད།
རྣམ་གྲངས་དེ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཡོར་པ་ཤང་དུ་གནས་ཤིང་། རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.12ཟིན་པ་དེ་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་6.4གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་11.85ཉུང་དུ་ཕྱིན་པ་དང་ཧ་ལམ་མཚུངས་ཀྱི་ཡོད།
འདི་ནི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།