དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་བཟོ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོཌ་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱེད་དགོས།

    ——རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་རིམ་སྤེལ་སྒྲིལ་གླེང་ཉེར་ལྔ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-11

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་བཟོ་ཚོགས་ཁོངས་གཏོགས་ཀྱིས་སློབ་སྦྱོང་དང་ཞིབ་ལྟ་བྱེད་རིང་བརྟག་དཔྱད་ཞིབ་འཇུག་དང་། རང་བཤེར་རང་བཅོས། དག་ཐེར་དོན་འཁྱོལ། ལྟ་སྐུལ་ཞིབ་བཤེར། སྒྲིག་སྲོལ་ལམ་ལུགས་འཛུགས་པ་སོགས་ཀྱི་ལས་དོན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱས་པར་ཕན་འབྲས་དངོས་ཐོན་ཡོད།

    “ངས་ཉིན་གཅིག་རིང་གྲོང་ཁྱེར་དོ་དམ་པ་བྱེད་ཀྱི་ཡིན”

    2023ལོའི་ཟླ་3ཚེས་19ཉིན། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས(གཤམ་དུ“ལྗོངས་སྤྱི་ཁྱབ་བཟོ་ཚོགས”ཞེས་བསྡུ་རྒྱུ)ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཕོ་བྲང་པོ་ཏ་ལའི་རུ་ཆེན་དང་མཉམ་དུ“ངས་ཉིན་གཅིག་རིང་གྲོང་ཁྱེར་དོ་དམ་པ་བྱེད་ཀྱི་ཡིན”ཞེས་པའི་ཉམས་ལེན་བྱེད་སྒོ་སྤེལ་བ་དང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་པ་ལི་དབྱི་ཡིས་གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྒྱུར་ཉམས་མྱོང་ལོ་4ལྡན་པའི་དངོས་གྲུབ་དང་མཉམ་དུ་གྲོང་ཁྱེར་དོ་དམ་པའི་ལས་ཀར་ཉམས་ལེན་བྱས་པ་རེད།

    “འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་ཚོང་པར། དངོས་གྲུབ་ཀྱིས་ངང་རྒྱུད་རིང་པོ་དང་ལྷག་བསམ་ཟོལ་མེད་ངང་སྤེལ་རེས་བྱས་ཏེ་སྲིད་ཇུས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཡོད། ཁོང་ཚོས་སྒྲུབ་མང་ཤོས་ནི་ཕན་ཚུན་བསམ་ཤེས་བྱེད་པ་དེ་རེད། དེ་ཡང་ང་ཚོའི་བྱ་བ་དང་འཚོ་བའི་ཁྲོད་ཀྱི་ཞན་ཆ་ཞིག་རེད”ཅེས་ལི་དབྱི་ཡིས་བཤད་པ་དང་། བྱེད་སྒོ་མཇུག་འགྲིལ་རྗེས་ལི་དབྱི་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཟོ་ཚོགས་རྩ་འཛུགས་དང་བཟོ་ཚོགས་ཀྱི་ལས་བྱེད་པས་ལས་བཟོ་དང་མང་ཚོགས་ཀྱི“གཉེན་ཉེ”དང“སྙིང་ཉེ་བ”ཞིག་བྱེད་དགོས་པ་དང་། ལས་བཟོ་ཚོས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། ལས་བཟོ་ཚོས་རེ་སྒུག་བྱེད་སར་རེ་སྒུག་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་སེལ་བ་བཅས་བྱེད་དགོས། དེ་བས་མང་བ་ནི་ཕན་ཚུན་བསམ་ཤེས་བྱེད་པ་དང་། རང་སྡོད་སར་མི་བཞག་སྟེ་ལས་བཟོ་མང་ཚོགས་ལ་འཕྲད་པའི་དཀའ་ངལ་དང་ཁོང་ཚོའི་གནས་བབ་ཉམས་སུ་མྱོང་དགོས་ཞེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྗོངས་ཐད་གཏོགས་ཚན་པ་དང་ཁེ་ལས་སོགས་དང་མཉམ་དུ“འབྲེལ་གཏུག་གསུམ་དང་། བསྡུར་བ་གསུམ། སྐུལ་འདེད་གསུམ”བཅས་གཞི་རྟེན་དུ་བྱས་པའི“ཆ་སྒྲིག་མཉམ་སྐྲུན་དང་བསྡུར་སློབ་སྙེག་བརྒལ”གྱི་བྱེད་སྒོ་སྤེལ་ནས། བཟོ་ཚོགས་ཀྱི་ལས་བྱེད་ལས་བཟོ་ཚོར་འཐབ་ས་དང་པོའི་ལས་བཟོའི་དཀའ་ཚེགས་ཉམས་སུ་མྱོང་བ་དང་། འཐབ་ས་དང་པོའི་ལས་བཟོའི་རེ་ཞུ་ཤེས་རྟོགས་བྱེད་པ། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། “སློབ་སྦྱོང་དང་། སྒྱུར་བཅོས། སྒྲུབ་པ”བཅས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་དོན་ཁྲོད་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱས་ཡོད།

    2021ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན། ངལ་རྩོལ་དཔེ་བཟང་དང་བཟོ་བོའི་སྙིང་སྟོབས་སྐོར་གྱི་སྐོར་སྐྱོད་སྒྲོག་འགྲེལ་དང་། དྲ་ཐོག་སྒྲོག་འགྲེལ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེ་མོ་སོགས་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་1.43སྤེལ་བར། དྲ་ཐོག་དང་དྲ་ཕྱིའི་ལས་བཟོ་མི་ཐེངས་ཁྲི་1127ལ་ཁྱབ་ནས། སྤྱོད་ཚུལ་མུ་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད།

    “འཁྲིས་སུ་བཟོ་ཚོགས་ཡོད་པ”

    2026ལོའི་ཟླ་6པར། བོད་དུ་གླ་པ་རྒྱུག་མཁན་ཞིང་པ་ལས་མི་ལི་ཆེ་གེ་མོར་ལས་མཇུག་འགྲིལ་ཡང་གླ་ཆ་སྒོར་ཁྲི་3རག་མེད། གླ་པ་རྒྱུག་སའི་ཀུང་སི་དང་འབྲེལ་གཏུག་ཐེངས་མང་བྱས་ཀྱང་ཕན་འབྲས་མ་ཐོན་སྟབས། མཐར“12351”བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱབ་ནས་རོགས་སྐྱོར་རེ་ཞུ་བྱས།

    རེ་ཞུ་འབྱོར་རྗེས། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོའི་རོགས་སྐྱོར་ཞབས་ཞུ་ལྟེ་གནས་ཀྱིས་ཨར་སྐྲུན་ཁེ་ལས་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། ངང་རྒྱུད་རིང་པོས་ངལ་རྩོལ་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་དང་། རྒྱུན་མཐུད་འབྲེལ་གཏུག མཐུན་སྦྱོར་ཡང་ཡང་བཅས་བྱས་ནས། ཁེ་ལས་ཀྱིས་ཁྲིམས་ལྟར་གླ་ཆ་སྤྲོད་པའི་འགན་འཁྲི་འཁུར་རྒྱུར་ལྟ་སྐུལ་བྱས་པ་རེད། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ལས་བཟོའི་རོགས་སྐྱོར་ཞབས་ཞུ་ལྟེ་གནས་ཀྱིས་མུ་མཐུད་འདུམ་འགྲིག་བྱས་པ་བརྒྱུད། མཐར་ལི་ཆེ་གེ་མོར་འགྱངས་ཆད་བྱས་པའི་གླ་ཆ་ཚང་མ་རག་ཡོད་པ་རེད།

    གླ་ཆ་ཚང་མ་རྩིས་ཁྲར་འབྱོར་རྗེས། ལི་ཆེ་གེ་མོས་ཆེད་མངགས་ཁ་པར་བརྒྱབ་ནས་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོའི་རོགས་སྐྱོར་ཞབས་ཞུ་ལྟེ་གནས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས“བཟོ་ཚོགས་ཀྱིས་ང་ཚོ་ལས་མི་དཀྱུས་མར་དུས་ཚོད་ཐུང་ཐུང་ནང་གླ་ཆ་ལེན་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།

    ལས་བཟོར་དཀའ་ངལ་འཕྲད་སྐབས“12351”ཐད་སྦྲེལ་ཁ་པར་བརྒྱུད་བཟོ་ཚོགས་རྩ་འཛུགས་བཙལ་ནས་རོགས་རམ་རེ་ཞུ་བྱས་ཆོག བཟོ་ཚོགས་ཀྱིས་ཀྱང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་མང་ཚོགས་ཁྲོད་དུ་ཐད་ཀར་སྐྱོད་ཀྱི་ཡོད།

    “འདི་ནི་སྨན་བཅོས་འགན་བཅོལ་བྱེད་ཐེངས་གཉིས་པ་ཡིན”

    2025ལོའི་ཟླ་11པར། ལོ་25ལ་སླེབས་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་བཟང་ཆེ་གེ་མོ་གཞིས་རྩེ་འབྲོང་པ་རྫོང་དུ་སྣུམ་སྐྱེལ་བར་འགྲོ་སྐབས་མོ་ཊ་གཞོགས་ལོག་ནས་རང་སར་ཚེ་ལས་འདས་པ་དང་། ཁོང་གི་རོགས་པ་དབང་ཆེ་གེ་མོར་ཡང་རུས་ཆག་བྱུང་ཡོད། སྟབས་ལེགས་པ་ཞིག་ལ། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་འཛོལ་དེར་དམིགས་ནས་ཁོང་ཚོར་ལས་བཟོའི་རོགས་རེས་འགན་བཅོལ་སྤྲད་པ་དང་། ཀྲུང་གོ་ལས་བཟོའི་འགན་བཅོལ་རོགས་རེས་ཚོགས་པ་བོད་ལྗོངས་དོན་གཅོད་ཁྲུའུ་ཡིས་འབྲེལ་ཡོད་དཔྱད་གཞིར་ཞིབ་དཔྱད་གཏན་འཁེལ་བྱས་རྗེས། བཟང་ཆེ་གེ་མོའི་ནང་མིར་གུན་གསབ་སྒོར་ཁྲི་5དང་དབང་ཆེ་གེ་མོར་སྒོར་7000སྤྲད་པ་རེད།

    ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་ཆེད། 2025ལོར་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆེད་སྤྱོད་གྲོན་དངུལ་སྤྱད་ནས། ཀྲུང་གོའི་ལས་བཟོའི་འགན་བཅོལ་རོགས་རེས་ཚོགས་པ་བོད་ལྗོངས་དོན་གཅོད་ཁྲུའུ་ཡིས་མིང་མ་བཀོད་པར་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཆེད་དོན་ཐོལ་བྱུང་གནོད་འཚེའི་རོགས་རེས་འགན་ལེན་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་པ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་རིན་མེད་ངང་འགན་བཅོལ་ནང་ཞུགས་སུ་བཅུག་པ། དངོས་མིང་དཔང་འདོན་གྱིས་གུན་གསབ་སྤྲོད་བཞིན་ཡོད་པར། མཐོ་ཤོས་ལ་གུན་གསབ་སྒོར་ཁྲི་6རག་ཡོད། མིག་སྔར་རིམ་རྩིས་བརྒྱབ་ན་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི་3ཟིན་པ་དང་མི་6ལ་རོགས་རེས་དངུལ་སྒོར་ཁྲི་8.4སྤྲད་ཡོད་པ་རེད།

    2026ལོར་འགན་བཅོལ་ནང་ཞུགས་མཁན་ཚོགས་མི་རང་འགུལ་ངང་མུ་མཐུད་འགན་བཅོལ་ཁོངས་སུ་ཡོད་སྟབས། བསྐྱར་དུ་རེ་ཞུ་བྱེད་མི་དགོས།

    “ང་ཚོས་གུན་གསབ་འཇལ་བའི་བརྒྱུད་རིམ་ལེགས་སུ་བཏང་ནས་མི་དེ་བས་མང་བས་འགན་ལེན་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་མ་ཟད། ཚང་མ་ཚོང་རྒྱག་པ་དང་། དངོས་ཟོག་སྐྱེལ་བ། ལས་ཀ་བྱེད་སྐབས་དེ་བས་བློ་བདེ་པོ་ཡོང་བ་བྱེད་ཀྱི་ཡིན”ཞེས་ཀྲུང་གོ་ལས་བཟོའི་འགན་བཅོལ་རོགས་རེས་ཚོགས་པ་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་ལས་སྒོ་པུའི་པུའུ་ཀྲང་གཞོན་པ་བསོད་ནམས་ཕུན་ཚོགས་ཀྱིས་བཤད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་བཟོ་ཚོགས་ཁོངས་གཏོགས་ཀྱིས་ལས་བཟོ་མང་ཚོགས་ལ་ལྷག་བསམ་རྣམ་དག་ངང་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་བཟོའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས“ལོ་གསུམ་གྱི་བྱ་སྤྱོད་ཁག་བརྒྱད”བཟོས་ནས་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་ཀྱི་བཟོ་ཚོགས་ཀྱིས“ཁྱིམ་ཚང་ཁྲི་སྟོང་ལ་དྲོ་སྐྱིད་སྦྱིན། གཞི་རིམ་དུ་ཞབས་འདེགས་ཞུ”ཞེས་པའི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་རབ་དང་རིམ་པར་གཏོང་བའི་འགྲོ་གྲོན་དེ་2024ལོའི་སྒོར་ཁྲི་6000ནས་ད་ལོའི་སྒོར་དུང་ཕྱུར་2.12བར་མང་དུ་བཏང་བས། ལོ་རེ་བཞིན་ལྡབ་འཕར་བྱུང་ནས་ལས་བཟོ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད།

    དིང་རིར་ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་3.6ལྷག་ཙམ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ནང་ཞུགས་མཁན་ཁེ་ལས་217ལ་འཚམས་འདྲི་བྱས་པ་རེད། གཞན་ཡང་། ལས་བཟོའི་མཉམ་སྡེབ་ཕན་བདེའི་ཚད་གཞི་དེ་སྒོར་2000ནས་སྒོར་2600བར་མང་དུ་བཏང་བ་དང་། ལས་བཟོའི་ལུས་གསོའི་སྤུས་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། 2025ལོར་དཀའ་ངལ་ཡོད་པའི་ལས་བཟོ་དང་ཁོང་ཚོའི་བུ་ཕྲུག་ལ་རོགས་སྐྱོར་དང་འཚམས་འདྲིའི་དངུལ་སྒོར་ཁྲི་1482སྤྲད་པ་དང་། ལས་མི་བསྡུ་བའི་འདུ་ཚོགས་ཐེངས་53གཉེར་ནས་ལས་ཞུགས་ལས་གནས་9000ལྷག་ཙམ་མཁོ་འདོན་བྱས་པས། བྱེད་ཐབས་དེ་དག་གིས་ལས་རིགས་ཁག་གི་ལས་བཟོའི་སེམས་པ་དྲོ་སོབ་སོབ་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།