དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གཞི་རིམ་དུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-11

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ“ཁྲིམས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་སྲུང་། མི་དམངས་འཐུས་ཚོགས་འཐུས་མི་མདུན་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སྒྲོག་འགྲེལ་བྱས་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》2026ལོའི་ཟླ་7ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་བ་དང་། དེ་ནི་མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཁྲིམས་འཛུགས་གྲུབ་འབྲས་གལ་ཆེན་ཞིག་རེད། བྱེད་སྒོ་སྤེལ་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོས་དུས་ཡུན་རིང་པོའི་བརྟག་ཞིབ་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། རིག་གཞུང་གི་མཐོང་སྣེ་ནས་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་ལ་འགྲེལ་བཤད་བརྒྱབ་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉི་མ་ཡོན་ཏན་གྱིས་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་བཅོས་སྐྱོང་ལ་དམིགས་ནས་བཅའ་ཁྲིམས་དོན་འཁྱོལ་གྱི་ཐབས་ལམ་དང་ཕན་འབྲས་གླེང་བ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤིན་ཅན་ཝུའེ་ཡིས་བཅའ་ཁྲིམས་ཆེད་ལས་ཀྱི་ལེགས་ཆ་བཏོན་ཏེ། ཁྲིམས་སྐྱོང་གི་མཐོང་སྣེ་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་གཙོ་གནད་ལ་འགྲེལ་བཤད་བརྒྱབ་པ། ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུར་བུ་དབང་འདུས་དང་ཤང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམ་རྒྱལ་གྱིས་སྡེ་ཁུལ་དང་གྲོང་ཚོའི་དོན་དངོས་ལ་གཞི་ཚུགས་ཏེ། ཉེ་འགྲམ་གྱི་གཏམ་རྒྱུད་གླེང་ནས་བཅའ་ཁྲིམས་ཀྱི་སྙིང་དོན་ལ་གསལ་བཤད་བརྒྱབ་པ་རེད།

    སྒྲོག་འགྲེལ་ཉན་རྗེས་གྲོང་མི་བསོད་ནམས་སྒྲོལ་དཀར་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“འཐུས་མི་ཚོས་གསུངས་པ་ཚང་མ་ཉེ་འགྲམ་གྱི་བྱ་བ་ཤ་སྟག་ཡིན་པས། མི་རིགས་མཐུན་སྒྲིལ་ལ་བཅའ་ཁྲིམས་ཀྱི་གཞས་གཞོགས་གཡོན་འདེགས་ཡོད་པ་ངས་གསལ་པོར་ཤེས་བྱུང་། ང་ཚོའི་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་འཆམ་མཐུན་ངང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། སླད་ཕྱིན་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་གྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།