དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་འཕེལ་རིམ་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2026-08-11

    ལས་ཀ་འཚོལ་མཁན་གྱིས་གླ་ཕོགས་དང་ཐོབ་ཆ་ཇི་འདྲ་ཡོད་མེད་དང་ཕུགས་ཀྱི་མདུན་ལམ་ཇི་འདྲ་ཡོད་མེད་སྐོར་ལ་སྐད་ཆ་ཞིབ་ཕྲ་དྲིས་པ་དང་། ལས་མི་བསྡུ་མཁན་ཕྱོགས་ཀྱིས་ལས་གནས་ཀྱི་ནང་དོན་ཞིབ་ཕྲ་ནས་ཁེ་ལས་ཀྱི་རིག་གནས་སོཌ་ཐད་ལན་ཞིབ་ཕྲ་བརྒྱབ། མི་རིང་བའི་གོང་། སི་ཁྲོན་དབྱི་པིན་སློབ་གླིང་ལིན་ཀང་སློབ་ཁུལ་དུ་འཚོཌ་པའི་ལས་ཞུཌ་གཉིས་འདེམས་འདུ་ཚོགས་ཤིག་ལ་མི་ཐབས་རིག་ནུས་དང་། ནུས་རྒྱུ་གསར་པ། སྐྱེ་དངོས་གསོ་རིག་སོགས་ཁྱབ་ཁོངས་ཀྱི་མི་སྤྱོད་ཚན་པ་200ལྷག་ཙམ་ཞུགས་པ་དང་། སློབ་ཐོན་སློབ་མ་2500ལྷག་ཙམ་སླེབས་ཡོད། ད་ལོའི་ཟླ་3པ་ཚུན་དུ། དབྱི་པིན་སློབ་གླིང་གིས་ལས་བསྡུའི་ཚོགས་འདུ་སྣ་ཚོགས་ཐེངས་100ལྷག་ཙམ་འཚོཌ་ནས་ལས་གནས་ཁྲི་ཙམ་མཁོ་འདོན་བྱས་པ་དང་། སློབ་ཐོན་སློབ་མས་ལས་ཀ་འཚོལ་བ་དང་ལས་ཞུཌ་དེ་བས་ཡག་པོ་ཡོང་རྒྱུར་རོགས་རམ་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་ཞུགས་སྔོན་འཇོག་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ལས་གནས་བརྟན་པོ་དང་། ཤོང་ཚད་ཆེར་གཏོང་། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་ཡོད། ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“བྱ་ཐབས་སྣ་མང་སྤྱད་དེ་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ཁེ་དབང་འགན་སྲུང་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་བསྟན་ཡོད།

    《ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་བསྟར་བྱེད་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དམིགས་ཚད་དང་། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་ཡོད། ད་ལོ་ཚུན་དུ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་དེ་ཉིད་དམངས་འཚོའི་དོན་ཆེན་དང་པོར་བརྩིས་ནས་འཆར་འགོད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ལས་གནས་བརྟན་གཏོང་དང་རྒྱ་སྐྱེད་དང་། རྩལ་ནུས་གསོ་སྦྱོང་། དཀའ་ངལ་ལ་རོགས་སྐྱོར་སོགས་སྲིད་ཇུས་དང་བྱེད་ཐབས་སྡེབ་གཅིག་ལ་བཏོན་ནས། ནུས་ཤུགས་ཡོད་རྒུས་ལས་ཞུགས་ཀྱི་དུས་བབ་བརྟན་པོ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད།

    ལས་ཞུགས་སྔོན་འཇོག་གི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་གཏོང་བ།

    “དང་ཐོག་ངས་ལས་གནས་དང་འཚམ་པའི་ཁ་ཕྱོགས་གང་ཡིན་མགོ་འཚོས་མ་བྱུང་། ཟུར་ཁྲིད་པས་ངའི་ལོ་རྒྱུས་མདོར་བསྡུས་ལེགས་སྒྲིག་བྱས་ནས་རླངས་འཁོར་གྱི་སྒྲིག་ཆས་སྤྱོད་སྟངས་ཀྱི་འཇོན་ཐང་མངོན་པར་བྱས་པ་མ་ཟད། ད་དུང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་ལས་མི་བསྡུ་བའི་ཆ་འཕྲིན་ཡང་བསྐུར་བྱུང”ཞེས་དབྱི་པིན་སློབ་གླིང་གི་2026ལོའི་རླངས་འཁོར་ཞབས་ཞུའི་ལག་རྩལ་ཆེད་ལས་ནས་ཐོན་པའི་སློབ་མ་ཝང་པོ་ཡིས་བཤད། མིག་སྔར། ཁོ་པས་སི་ཁྲོན་ཧུང་ཁྲེང་རིག་ནུས་སྒྲིག་ཆས་ཚད་ཡོད་ཀུང་སི་དང་གན་རྒྱ་བཞག་ནས་ཆེད་ལས་དང་མཐུན་པའི་ལས་ཀ་རག་ཡོད་པ་རེད།

    དབྱི་པིན་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧུང་ཅང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭས“མི་རེར་ཡིག་ཚགས་རེ་དང་མི་རེར་ཐབས་ཇུས་རེའི”གནད་སྨིན་རོགས་སྐྱོར་གྱི་ལམ་སྲོལ་བཙུགས་ནས་ལས་ཞུགས་པ་མེད་པའི་ཁྱིམ་ཚང་དང་དབང་སྐྱོན་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིར་ཉུང་མཐར་ཡང་སྙིང་གཏམ་ཤོད་རེས་ཐེངས་3དང་། ལས་ཞུགས་མཛུབ་ཁྲིད་ཐེངས་3 ལས་གནས་འོས་སྦྱོར་ཐེངས་3རེ་བྱས་ཏེ། ལས་ཞུགས་ཀྱི་འདུན་པ་ཡོད་པའི་གཙོ་གནད་ཚོགས་སྤྱིའི་སློབ་ཐོན་སློབ་མ་100%ལས་ཞུགས་གང་ལེགས་ཐུབ་པར་བྱས་ཡོད།

    《ལས་གནས་བརྟན་གཏོང་དང་། ཤོང་ཚད་ཆེར་གཏོང་། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་ཇུས་གཞི》བཀྲམ་ནས་ཕྱི་རོལ་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པའི་ལས་རིགས་འཕེལ་རྒྱས་བཏང་སྟེ་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ལས་བརྟན་དངུལ་སློག་དང་། རྩལ་ནུས་མཐོར་གཏོང་ཁ་གསབ། ལས་གནས་རྒྱ་སྐྱེད་ཁ་གསབ་སོགས་ཁེ་ལས་དང་དམངས་ལ་ཕན་པའི་སྲིད་ཇུས་ལེགས་སུ་རྒྱུན་མཐུད་བཏང་སྟེ་ངལ་རྩོལ་འདུས་ཆེའི་ལས་རིགས་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བར་རོགས་སྐྱོར་བྱས་པ། གཞོན་ནུའི་ལས་ཞུགས་ལས་དོན་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། 2026ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་གཞོན་ནུའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། ད་ལོ་ཚུན་དུ། གཙོ་གནད་ལས་རིགས་ཀྱི་ལས་མི་སྤྱོད་ཚད་བརྟན་དུ་གཏོང་བ་དང་། ལས་ཞུགས་ཀྱི་གཏིང་ཤུགས་སྔོག་འདོན་བྱེད་པ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཐད་ཀྱི་སྲིད་ཇུས་དང་བྱ་ཐབས་གཅིག་རྗེས་གཉིས་མཐུད་བཏོན་ཡོད། 

    “ང་ཚོས་ནུས་ཤུགས་ཡོད་རྒུས་ལས་ཞུགས་སྤྱི་ཡོངས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་འཕར་བའི་ལས་ཞུགས་མི་གྲངས་ཀྱི་གཞི་ཁྱོན་ངེས་ཅན་རྒྱུན་འཁྱོངས་ཐུབ་པ་དང་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་འཕེལ་རྒྱས་གསར་པ་ཡོང་བ་བྱེད་ཀྱི་ཡིན”ཞེས་མི་སྤྱི་པུའི་འཆར་འགོད་ནོར་དོན་སིའི་འབྲེལ་ཡོད་འགན་འཁུར་བས་བཤད།

    མི་དང་ལས་གནས་ཆ་སྒྲིག་གི་ལས་ཕྱོད་ཆེ་རུ་བཏང་ནས་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་གང་ཐུབ་སེལ་བ།

    “གསོ་སྦྱོང་བརྒྱུད། ང་ལ་ཟླ་རེར་གླ་ཆ་སྒོར་6000ཡོད་པའི་ལས་ཀ་ཞིག་རག་བྱུང” ཧུའུ་ནན་ཡུང་ཀྲོའུ་གྲོང་ཁྱེར་ལེང་ཧྲུའེ་ཐན་ཆུས་རྒན་གསོའི་ཞབས་ཞུ་ཀུང་སི་ཞིག་ཏུ་ཕན་ཀྲེང་ལིན་གྱིས་དབང་ནུས་ཤོར་བའི་རྒན་རྒོན་ཞིག་ལ་བྱང་ཆུབ་པོས་གཡོག་བྱེད་རྒྱུག་བཞིན་ཡོད། དེ་གོང་ལས་གནས་ནས་བྲལ་ཏེ་ལོ་མང་སོང་བས་ཕན་ཀྲེང་ལིན་ལ་ལས་ཀ་རག་ཁག་པོ་བྱུང་ཡོད། “ངས‘ཡུང་ཀྲོའུ་ཡོངས་བསྒྲགས’སྤྱི་རྟགས་ནས་སྲིད་གཞུང་གིས་རྩལ་ནུས་གསོ་སྦྱོང་བྱེད་ཀྱི་ཡོད་པ་མཐོང་སྐབས་བདེ་ཐང་ལྟ་སྐྱོང་བའི་འཛིན་གྲྭར་མིང་ཐོ་བཀོད་པ་ཡིན། ད་ཆ་ལག་རྩལ་བྱང་ཆུབ་པ་དང་ལས་ཀ་བརྟན་པོ་ཡོད་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ཕན་ཀྲེང་ལིན་གྱིས་གདེང་ཚོད་ཆེན་པོས་བཤད།

    མི་དང་ལས་གནས་ཆ་སྒྲིག་གི་ལས་ཕྱོད་ཆེ་བ་ནི་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པའི་སྤྱི་ཁོག་རིམ་པའི་ནང་དོན་གལ་ཆེན་གྱི་གྲས་ཤིག་རེད། མི་སྤྱི་པུའི་ལས་རིགས་ནུས་པ་འཛུགས་སྐྱོང་སིའི་འབྲེལ་ཡོད་འགན་འཁུར་བས། རང་རྒྱལ་གྱིས“རྩལ་ནུས་ལ་བརྟེན་ནས་མདུན་ལམ་འཚོལ་བའི”གསོ་སྦྱོང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་མི་ཐབས་རིག་ནུས་ལག་རྩལ་སོགས་ལ་དམིགས་ནས་ཆེད་དོན་གསོ་སྦྱོང་བྱས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་མི་ཐེངས་ཁྲི་5000ལྷག་ཙམ་ལ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ནས་ཐོན་ལས་དང་དེ་བས་འཚམ་པ་དང་ལས་ཞུགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་རེད་ཅེས་བཤད།

    ལས་ཞུགས་ཆེན་པོའི་འདུ་ཤེས་བཙུགས་ནས་ལས་ཞུགས་མཐུན་འཕྲོད་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏོད་པ།

    ཉེ་ཆར། པོ་ཀྲོའུ་རུ་མངགས་སྐྱེལ་བ་ལི་ཧའོ་ལ་ལས་རིགས་ཀྱི་རྨས་སྐྱོན་འགན་སྲུང་ཐོབ་ཆ་རག་ཅིང་། ཁོང་གིས“རྨས་སྐྱོན་ཕོག་པ་ནས་དངུལ་རག་པའི་བར་མི་སྤྱི་སྡེ་ཚན་གྱིས་མགོ་གཞུག་བསྐྱངས་པས་བློ་ཧ་ཅང་བདེ་པོ་བྱུང”ཞེས་བཤད།

    རིམ་པ་མང་བའི་དམངས་ཕན་ཞབས་ཞུ་དང་འཛད་སྤྱོད་གསར་པའི་ལས་གཏོད་རྣམ་པ་བཏོད་དེ་ལས་གཏོད་མཐུན་འཕྲོད་ཁོར་ཡུག་གཏོད་པ་དང་། ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་རྨས་སྐྱོན་འགན་སྲུང་ཚོད་ལྟ་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ནས་སྒྱུར་བཅོས་ཀྱི་སྤུས་ནུས་དང་ཁྱབ་རྒྱ་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་ལས་ཞུགས་སྤྱི་པའི་ཞབས་ཞུའི་ས་བཀྲ་བཟོས་ཏེ་ལས་ཀ་འཚོལ་མཁན་ལ་ཐག་ཉེ་ས་ནས་ལས་ཀ་འཚོལ་བར་སྟབས་བདེ་སྐྲུན་པ་སོགས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ནུས་མངོན་གསལ་དོད་དུ་གཏོང་བ་དང་། ལས་ཞུགས་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་དཔལ་འབྱོར་འཕར་བ་དང་ལས་ཞུགས་ཀྱི་ཤོང་སྐྱེད་སྤུས་སྤོར་གྱི་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་བཏང་ཡོད།

    མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བས། “‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་པའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པས་ལས་ཞུགས་སྤྱི་ཡོངས་བརྟན་པོ་དང་འཕེལ་ཕྱོགས་བཟང་པོ་མངོན་འགྱུར་ཡོང་བར་ང་ཚོར་གདེང་ཚོད་དང་ནུས་པ་ཡོད། ནུས་ཤུགས་ཡོད་རྒུས‘བརྟན་པོ་བཞིའི’བླང་བྱ་དོན་འཁྱོལ་བྱས་ནས་ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་། ཐབས་ལམ་རྒྱ་ཆེར་གཏོང་བ། གཙོ་གནད་འགན་ལེན་བྱེད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་འཕེལ་རིམ་གསར་པ་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།