དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་11.2བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-10

    ཉེ་ཆར། ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.0% འཕར་ནས། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་11.2བྱུང་ཡོད།

    ད་ལོ་ཚུན་དུ། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ནས། འཛད་སྤྱོད་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཡོད། ལོ་སྟོད་དུ། ཡང་བའི་བཟོ་ལས་རིགས་11གི་ཚོང་ཟོག་གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་43282ཟིན་པ་དེ་དུས་མཚུངས་ལས་4.4%འཕར་བའི་ནང་། ནུས་བསྲི་ཆེ་བའི་ཁྱིམ་སྤྱོད་གློག་ཆས་ཀྱི་སིལ་ཚོང་དངུལ་འབོར་འཕར་ཚད་30%ལས་བརྒལ་བ་དང་། རིག་ནུས་གོས་རྒྱན(རིག་ནུས་མིག་ཤེལ་ཚུད་པ)གྱི་སིལ་ཚོང་དངུལ་འབོར་འཕར་ཚད་ལྡབ་གཅིག་ལས་བརྒལ་ཡོད་པ་རེད།

    ལོ་སྟོད་དུ། ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་4870.4ཟིན་པ་དེ་དུས་མཚུངས་ལས་6.7%འཕར་ཞིང་། ཟླ་དང་པོ་ནས་ལྔ་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.9མགྱོགས་སུ་ཕྱིན་ཡོད། ལས་རིགས་ཁག་7གྱི་ཕྱིར་གཏོང་འཕར་ཚད་10%ལས་བརྒལ་བའི་ནང་། ཁྱིམ་སྤྱོད་གློག་ཆས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་13%འཕར་བ་དང་། གློག་རྫས་དང་ལྷུ་ལག་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་38.6%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།