དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར།

    རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དངུལ་འབོར་དུས་མཚུངས་ལས་17.3%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-10

     འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་30.13ཟིན་པ་དེ་དུས་མཚུངས་ལས་17.3%འཕར་བའི་ནང་། ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་17.44ཟིན་པ་དེ་དུས་མཚུངས་ལས་14%འཕར་བ་དང་། ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་12.69ཟིན་པ་དེ་དུས་མཚུངས་ལས་22%འཕར་ཡོད་པ་རེད།

    ཚོང་དོན་རོགས་ཟླ་ནས་བལྟས་ན། ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་5.14ཟིན་པ་དེ་དུས་མཚུངས་ལས་20%འཕར་བ་དང་། རང་རྒྱལ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་3.67ཟིན་པ་དེ་དུས་མཚུངས་ལས་9.5%འཕར་ཡོད། དུས་མཚུངས་སུ་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ཕྱིར་གཏོང་ནང་འདྲེན་བྱས་པའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་15.36ཟིན་པ་དེ་དུས་མཚུངས་ལས་15.5%འཕར་ཡོད་པ་རེད།

    ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོ་ནས་བལྟས་ན། ཟླ་དང་པོ་ནས་བདུན་པའི་བར། དམངས་གཉེར་ཁེ་ལས་དང་ཕྱིར་གཏོང་ནང་འདྲེན་བྱས་པའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་17.16ཟིན་པ་དེ་དུས་མཚུངས་ལས་17.2%འཕར་བ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་དང་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་8.78ཟིན་པ་དེ་དུས་མཚུངས་ལས་17.6%འཕར་ཡོད་པ་རེད།

    ཚོང་ཟོག་གཙོ་བོའི་ངོས་ནས་བལྟས་ན། ཕྱིར་གཏོང་གི་ཐད། ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱིས་ཕྱིར་གཏོང་བྱས་པའི་འཕྲུལ་གློག་ཐོན་རྫས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་ཁྲི་11.12 ཟིན་པ་དེ་དུས་མཚུངས་ལས་21.2%འཕར་བ་དང་། ངལ་རྩོལ་འདུས་ཆེའི་ཐོན་རྫས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་ཁྲི་2.37ཟིན་པ་དེ་དུས་མཚུངས་ལས་1.4%ཆག་པ། ཞིང་ལས་ཐོན་རྫས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་4296.9ཟིན་པ་དེ་དུས་མཚུངས་ལས་3.7%འཕར་ཡོད། ནང་འདྲེན་གྱི་ཐད། ཟླ་དང་པོ་དང་བདུན་པའི་བར། རང་རྒྱལ་གྱིས་སྒོར་དུང་ཕྱུར་ཁྲི་5.31གི་འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་29.7% འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།