རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཐེངས་བཞི་པ་བཏོད་པ།

འདི་ནི་ཀན་སུའུ་ཅཱ་ཡུས་ཀོན་གྲོང་ཁྱེར་གྱི་བྱེ་ཐང་འོད་ཤུགས་གློག་ཁང་ཡིན་པ།

འདི་ནི་ཧོ་ནན་ཧྲང་ཆིའུ་གྲོང་ཁྱེར་ཧུད་རྫོང་གི་གློག་ཤུགས་བཟོ་པས་གློག་བཟོ་བཞིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་7ཉིན། རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་ཀྱིས་དབྱར་ཁ་ཤར་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཐེངས་བཞི་པ་བཏོད་ནས། ཆན་ཝ་དུང་ཕྱུར་15.57ཟིན་པ་དེ་ཐེངས་གོང་མར་བཏོད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པའི་གྲངས་ཐང་ལས་ཆན་ཝ་ཁྲི་480ཙམ་འཕར་ཞིང་། ཟླ་7ཚེས་29ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་སྡེ་ཚན་གྱིས་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས། དབྱར་དུས་ཀྱི་གློག་སྤྱོད་དགོས་མཁོར་འགན་ལེན་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།