རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་ལས་དོན་པ་ཁག་གཅིག་ཅང་ཤིས་སུ་བསྐྱོད་དེ་དམངས་ལ་ཞབས་འདེཌ་ཞུ་བ་དང་རིག་གནས་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་བ།
ཟླ་8ཚེས་3ནས7ཉིན་བར། རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ལྷན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་ལས་དོན་པ་ཁག་གཅིག་སྒྲིག་འཛུགས་བྱས་ནས་ཅང་ཤིས་སུ་བསྐྱོད་དེ་ཨུ་ཡོན་གྱིས་འགན་སྒྲུབ་བྱེད་པའི“དམངས་ལ་ཞབས་འདེགས་ཞུ། རིག་གནས་གཤམ་སྤེལ་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་རྒྱུ་དེ་ཨུ་ཡོན་གྱིས་འགན་སྒྲུབ་བྱེད་པའི“དམངས་ལ་ཞབས་འདེགས་ཞུ་བའི”བྱེད་སྒོའི་ནང་དོན་གལ་ཆེན་དུ་བརྩི་བ་དང་། དེའི་དམིགས་ཡུལ་ནི་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་སྣ་མང་ཅན་གྱི་སྤྱི་པའི་རིག་གནས་ཞབས་ཞུ་བསྒྲུབས་ཏེ་སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཁྱབ་པར་བྱ་རྒྱུ་ཡིན་པ་རེད།
བྱེད་སྒོ་སྤེལ་རིང་། ཚོགས་པ་དང་ཚོགས་ཆུང་དང་བཅས་པ་ཅང་ཤིས་ཅིང་ཀང་ཧྲན་རི་བོ་དང་། ཡུས་ཏུའུ། རུའེ་ཅིན་སོགས་སུ་བསྐྱོད་དེ་གླུ་ལེན་དང་། གྱེར་འདོན། རྩལ་རྩེད། ཟློས་གར་སོགས་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཐེངས་3བྱས་པར་ལྟད་མོ་ལྟ་མཁན་3000ལྷག་ཙམ་བྱུང་ཡོད། བྱེད་སྒོའི་ཐོག་ད་དུང་གཞི་རིམ་མང་ཚོགས་ལ་ཕྱོགས་ནས《རླབས་ཆེན་གྱི་རྒྱང་སྐྱོད་འདི་ནས་འགོ་ཚུགས་པ》སོགས“རིག་གནས་དམངས་ཕན”གྱི་འཆད་ཁྲིད་ཐེངས་3བྱས་པ་དང་འབྲེལ། དཔེ་དེབ་དང་ཡིག་གཟུགས་བརྩམས་ཆོས་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་དང་། ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་ལས་དོན་པ་ཁག་གཅིག་གཞི་རིམ་གྱི་རིག་གནས་ཚན་པར་བསྐྱོད་ནས་སྒྱུ་རྩལ་ཐད་མཛུབ་ཁྲིད་དང་སྤེལ་རེས་ཀྱང་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “རིག་གནས་གཤམ་སྤེལ”ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་སྲོལ་རྒྱུན་གྱི་ཁྱད་ལྡན་སྤུས་རྟགས་བྱེད་སྒོ་ཞིག་ཡིན་པ་དང་ལོ་30ཙམ་རྒྱུན་མཐུད་ནས་སྤེལ་བས། གཞི་རིམ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། གོམ་སྟབས་རྗེས་མར། རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ལྷན་གྱིས་བྱེད་སྒོའི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། ཐག་རིང་ལུང་ཁུག་ས་ཁུལ། མི་རིགས་ས་ཁུལ་སོགས་ཀྱི་མང་ཚོགས་ལ་དེ་བས་ཕུན་སུམ་ཚོགས་པ་དང་དེ་བས་འཚོ་བཅུད་ལྡན་པའི་བསམ་པའི་རྒྱགས་ཕྱེ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།