དབང་སྐྱོན་སྔོན་འགོག་ཉིན་མོ་ཐེངས་བཅུ་པར།
དབང་སྐྱོན་སྔོན་འགོག་བྱ་སྤྱོད་སྤེལ་ནས་བདེ་ཐང་ཀྲུང་གོ་མཉམ་སྐྲུན་མཉམ་སྤྱོད་བྱེད་པ།
གསར་འགོད་པར་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་8ཚེས་25ཉིན་ནི་དབང་སྐྱོན་སྔོན་འགོག་ཉིན་མོ་ཐེངས་བཅུ་པ་དེ་ཡིན་ཞིང་། ཉེ་ཆར། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་15ཡིས《དབང་སྐྱོན་སྔོན་འགོག་ཉིན་མོ་ཐེངས་བཅུ་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས། ད་ཐེངས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་བརྗོད་དོན་གཙོ་བོ“དབང་སྐྱོན་སྔོན་འགོག་བྱ་སྤྱོད་སྤེལ་ནས་བདེ་ཐང་ཀྲུང་གོ་མཉམ་སྐྲུན་མཉམ་སྤྱོད་བྱེད་པ”གསལ་སྟོན་བྱས་མ་ཟད། ས་གནས་ཁག་ལ་དབང་སྐྱོན་སྔོན་འགོག་ཉིན་མོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་བཀོད་སྒྲིག་ཡག་པོ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་དབང་སྐྱོན་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གིས་རྒྱུད་ཁྲིད་འཚར་སྐྱེ་དང་། ནད་གཞི། གནོད་སྐྱོན་སོགས་ཀྱིས་དབང་སྐྱོན་ཆགས་པའི་རྒྱུ་རྐྱེན་གཙོ་བོར་དམིགས་ནས། གཉེན་སྒྲིག་མ་བྱས་གོང་དང་སྦྲུམ་ཆགས་གོང་གི་ལུས་ཁམས་བདེ་སྲུང་དང་ཐོག་མར་མངལ་འཁོར་གྱི་གཅེས་སྐྱོང་ཞབས་ཞུ་དང་། ཕྲུ་གུ་དམར་འབྱར་དང་བྱིས་པའི་ནད་རིགས་དབྱེ་བཤེར་དང་སྔ་ཙམ་ནས་སྔོན་འགོག གཅོང་ནད་དང་སེམས་ཁམས་ནད་འགོག་བཅོས། བདེ་འཇགས་ཐོན་སྐྱེད་དང་འགྲིམ་འགྲུལ་བདེ་འཇགས། དྲག་སྐྱེད་སོགས་དབང་སྐྱོན་སྔོན་འགོག་གི་ལྟེ་བའི་ཤེས་བྱ་དང་ཉེར་སྤྱོད་རྩལ་ནུས་གཙོ་གནད་ཐོག་དྲིལ་བསྒྲགས་བྱེད་དགོས་པ་དང་། གཞི་རིམ་གྱི་དབང་སྐྱོན་སྔོན་འགོག་ལས་དོན་གྱི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་ཧུར་ཐག་བཏང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྒྱལ་ཁབ་ཀྱི་དབང་སྐྱོན་སྔོན་འགོག་བྱ་སྤྱོད་འཆར་གཞི་བདེ་བླག་ངང་སྤེལ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དགོས།
འབྲེལ་ཡོད་གསར་འགྱུར།