ཁྲོམ་གཞུང་དང་སྲང་ལམ་གང་སར་དམངས་ཡོངས་ལུས་སྦྱོང་གི་རྣམ་པ་ཟབ་པ།

འདི་ནི་ཉེ་ཆར་ཐེན་ཅིན་གྱི་སྦེ་ག་འགྲན་སའི་ལམ་ཟུར་སྤྱི་གླིང་དུ་ལོ་ཆུང་བྱིས་པས་སྦེ་ག་འགྲན་བཞིན་པ།

འདི་ནི་ཉེ་ཆར་ཐེན་ཅིན་གྱི་སྦེ་ག་འགྲན་སའི་ལམ་ཟུར་སྤྱི་གླིང་དུ་གྲོང་མིས་སྦེ་ག་འགྲན་པར་ལྟ་བཞིན་པ།
ད་ལོའི་ཟླ་8ཚེས་8ཉིན་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་ཐེངས་བཅོ་བརྒྱད་པ་དེ་རེད། ཉེ་བའི་ལོ་ཤས་རིང་། དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་དང་སྒྲིག་བཀོད་རྒྱུན་མཐུད་མང་དུ་ཕྱིན་ཡོད།
ཐེན་ཅིན་གྲོང་ཁྱེར་ཧུང་ཆའོ་ཆུས་ཅེ་ཡོན་ཁྲོམ་གཞུང་གི་སྦེ་ག་འགྲན་སའི་ལམ་ཟུར་སྤྱི་གླིང་ཞིག་ཏུ་མི་ཚོགས་ཀྱིས་ཁེངས་ཤིང་། འགྲན་རར་མི་མང་པོས་འགྲན་བསྡུར་བྱེད་པ་དང་བྱང་ཆུབ་པའི་འགྲན་རྩལ་ལས་ཀྲུང་གོའི་ལུགས་ཀྱི་སྦེ་གའི་སྲོལ་རྒྱུན་གྱི་ཁྱད་ཆོས་མངོན་པ་དང་། ཁྲོམ་གཞུང་དང་སྲང་ལམ་གང་སར་དམངས་ཡོངས་ལུས་སྦྱོང་གི་རྣམ་པ་ཟབ་མོ་ཞིག་མངོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།