དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུའི་རྟ་རྒྱུག་དུས་ཆེན་རིང་སྒོར་དུང་ཕྱུར་6.83ཟིན་པའི་རྣམ་གྲངས་ཀྱི་གན་རྒྱ་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-10

    ཉེ་ཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་དང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུར་ས་གནས་ས་ཐོག་ཏུ་རྣམ་གྲངས་9ལ་གཅིག་སྡུད་གན་རྒྱ་བཞག་པར་ཁྱོན་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་6.83གཏོང་རྩིས་ཡོད་ཅིང་། དེ་དག་ནུས་རྒྱུ་གཙང་མ་དང་། སྐྱེ་དངོས་སྨན་སྦྱོར། ཚོང་དོན་ཟོག་འགྲུལ། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད། དེའི་ནང་། ནག་ཆུ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་རའི་རྣམ་གྲངས་ལ་དངོས་སུ་གན་རྒྱ་བཞག་པར་ཁྱོན་མ་འཇོག་སྒོར་དུང་ཕྱུར་2ཟིན་ཞིང་། རྣམ་གྲངས་དེ་བསྐྲུན་རྗེས་ནག་ཆུ་གྲོང་ཁྱེར་གྱི་གཞི་ཁྱོན་ཆེ་ཤོས་དང་ཚད་གཞི་མཐོ་ཤོས་ཀྱི་དབྱར་རྩྭ་དགུན་འབུའི་ཆེད་ལས་ཉོ་ཚོང་ལས་སྟེགས་སུ་འགྱུར་རྒྱུ་རེད།

    ནག་ཆུ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཐང་ཅིའུ་ཁྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་བཀྲག་མདངས་འཚེར་ས་ཞིག་ནི་ལེའོ་ཉིང་གི་ཁ་གཏད་བོད་སྐྱོར་ཐོན་ལས་ཀྱི་མཉམ་ལས་བརྒྱུད། སྲིད་གཞུང་དང་ཁེ་ལས་དབར་གྱི་མཉམ་ལས་དེ་ཉིད་ཁེ་ལས་དང་ཁེ་ལས་དབར་གྱི་མཉམ་ལས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།