དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལོ་སྟོད་དུ་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་གི་དངུལ་འབོར་དུས་མཚུངས་ལས་18.7%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-10

    ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་གི་དངུལ་འབོར་སྒོར་ཁྲི་3336.11ཟིན་པ་དེ་དུས་མཚུངས་ལས་18.7%འཕར་ཡོད་པ་རེད།

    ད་ལོ་ཚུན་དུ། ལྷ་ས་འགག་སྒོས་འགག་སྒྲོལ་ནུས་ཕྱོད་ཆེར་གཏོང་དང་། ཁེ་ལས་ཕུལ་བྱུང་སྐྱེད་སྲིང་། ལག་རྩལ་གྱི་འདེགས་སྐྱོར་བཅས་ཕྱོགས་གསུམ་ཐད་ནས་ཤུགས་བརྒྱབ་སྟེ། ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ནས། ས་མཐོའི་དངོས་ཟོག་སྤུས་ལེགས་དེ་བས་མང་བ་ཕྱིར་གཏོང་བྱེད་པར་རམ་འདེགས་བྱས་ཡོད།

    ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་གི་དུས་ཚོད་དང་ཕན་འབྲས་ཀྱི་དགོས་མཁོར་དམིགས་ནས། ལྷ་ས་འགག་སྒོས“ཁོངས་གཏོགས་ཁུལ་+འགག་སྒོ”ཡི་ཕྱིར་གཏོང་གི་བརྒྱུད་རིམ་ཧྲིལ་པོའི་ཐོགས་མེད་བགྲོད་ལམ་མུ་མཐུད་ཤར་གཏོང་ཐུབ་པར་བྱས་ཤིང་། སྐྱེལ་འདྲེན་དང་། དངོས་ཟོག་འབེབས་འཇུག རྒྱལ་སྒྲོལ་བཅས་ལྷུ་ཚིགས་ཁག་གི་ལས་ཀའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས། ཁྱད་ལྡན་ཐོན་རྫས་འགག་སྒོར་འབྱོར་མ་ཐག་ཞིབ་བཤེར་དང་ཕྱིར་གཏོང་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག ཁྱད་ལྡན་ཐོན་རྫས་ཐེངས་དང་པོ་མཁའ་འགྲུལ་འགག་སྒོ་བརྒྱུད་ཐད་ཀར་ཕྱིར་གཏོང་ཐུབ་པར་སྐུལ་འདེད་བཏང་ནས། “མཁའ་ལམ་དང་། ལྕགས་ལམ། གཞུང་ལམ། སྦྲག་སྲིད”བཅས་མཉམ་འགུལ་གྱི་ཕྱོགས་བསྡུས་རྒྱལ་སྒྲོལ་བགྲོད་ལམ་ཤར་གཏོང་བྱས་ཡོད་པ་རེད།

    མཚོན་བྱེད་རང་བཞིན་ཆེན་པོ་ལྡན་པའི་ཁྱད་ལྡན་བཏུང་བྱ་སྟེ། ཇ་མངར་མོ་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཚད་ལྡན་ཅན་དང་སྤུས་ལེགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ད་ལོ་ལྷ་ས་འགག་སྒོས་སྣེ་ཁྲིད་དེ་ཇ་མངར་མོ་སོགས་བཟའ་བཅའི་བདེ་འཇགས་ཀྱི་ས་གནས་ཚད་གཞི་ཁག་3བཟོས་པ་དེས་འབྲེལ་ཡོད་ས་གནས་ཀྱི་ཚད་གཞི་མེད་པའི་སྟོང་ཆ་བསྐངས་ཡོད། ཐོག་མའི་འགན་འཁྲིའི་ལམ་ལུགས་དང་དྲ་ཐོག་ཞིབ་དཔྱད་ཚད་ལེན་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས། རིམ་རྩིས་བརྒྱབ་ན་ཁྱད་ལྡན་ཐོན་རྫས་ཁག་419ལ་ཞིབ་དཔྱད་ཚད་ལེན་བྱས་པར། ཞིབ་དཔྱད་ཚད་ལེན་བྱེད་པའི་དུས་ཚོད་དུས་མཚུངས་ལས་20%ཐུང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།