དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • AIབྱིས་ནད་ཚན་ཁག་གི་ཧྥུའུ་ཐང་སྨན་བཅོས་ས་ཚིགས་མཚོ་སྔོན་ཡུལ་ཤུལ་དུ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། AIབྱིས་ནད་ཚན་ཁག་གི་རོགས་ལས་ལས་དོན་ས་ཚིགས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དུ་བཙུགས་པ་དང་ཆབས་ཅིག་རྒྱལ་ཁབ་བྱིས་པའི་གསོ་རིག་ལྟེ་གནས་དང་། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་དང་ཀྲང་ཅིན་ཀྲེ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཡུལ་ཤུལ་ཀྲོའུ་ཡི་གྲོང་ཁྱེར་གཅིག་དང་རྫོང་ལྔའི་སྨན་བཅོས་སྒྲིག་གཞི་བརྒྱད་ལ་AIབྱིས་ནད་ཚན་ཁག་གི་སྨན་པ་མཁོ་འདོན་བྱས་པ་རེད།

    ཡུལ་ཤུལ་དུ་བྱིས་ནད་ཚན་ཁག་གི་སྨན་པ་ཧ་ཅང་དཀོན་པའི་གནས་ཚུལ་ལ་དམིགས་ཏེ། ད་ཐེངས་ཀྱི་བྱེད་སྒོ་ནི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། “ཡུལ་ཤུལ་གྱི་དགོས་མཁོ་གང་ཡོད་པེ་ཅིང་གིས་སྐོང་ཐབས་བྱེད་པའི”རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བྱིས་ནད་ཚན་ཁག་གི་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གངས་ལྗོངས་ས་མཐོར་ཁྱབ་པར་སྐུལ་འདེད་བཏང་སྟེ། ས་གནས་དེ་གའི་བྱིས་པའི་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྒུལ་ནུས་གསར་པ་བསྣན་རྒྱུ་རེད།

    AIབྱིས་ནད་ཚན་ཁག་གི་སྨན་པའི་མ་ལག་དོན་འཁྱོལ་བྱུང་བ་དེས་རྒྱལ་ནང་གི་བྱིས་པའི་སྨན་ཁང་རྩེ་གྲའི་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་དག་ཚད་ལྡན་ཅན་གྱི་རིག་ནུས་རམ་འདེགས་ལག་ཆར་བསྒྱུར་བ་དེ་དབུགས་ལམ་དང་། འཇུ་བྱེད། སྙིང་། མཁལ་མ། འཕྲོད་སྦྱོར་སོགས་བྱིས་ནད་ཚན་ཁག་གི་ཆེད་ཚན་ཆུང་ངུའི་ནད་གཞིར་ཁྱབ་པར་བྱས་ཏེ། ས་མཐོའི་བྱིས་ནད་ཚན་ཁག་གི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་ལ་ཉིན་གང་གི་རིག་ནུས་ནད་བརྟག་དང་གཞོགས་འདེགས་ནད་དཔྱད་ཀྱི་རྒྱབ་སྐྱོར་བྱ་རྒྱུ་རེད། དེས་ཡུལ་ཤུལ་ཀྲོའུ་ཡི་གཞི་རིམ་གྱི་བྱིས་ནད་ཚན་ཁག་ཏུ་སྨན་པ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ས་ཁོངས་ཀྱི་བྱིས་ནད་ཚན་ཁག་གི་ཚད་ལྡན་ཅན་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།