ཡོ་རོབ་རྒྱལ་ཁབ་ཁག་གིས་ལྗང་མདོག་ནུས་རྒྱུའི་མ་ལག་མགྱོགས་མྱུར་སྐྲུན་བཞིན་པ།

འདི་ནི་སི་ཕེན་གྱི་པ་སའེ་ལོ་ནཱ་གྲུ་ཁའི་ཁུལ་གྱི་ཉི་ནུས་འོད་ཤུགས་ཤེལ་ལེབ་ཡིན་པ།

འདི་ནི་འཇར་མན་ཙུར་པོའི་རླུང་ཤུགས་གློག་གཏོང་ར་བ་ཡིན་པ།
(གོང་གི་པར་རིས་ཚང་མ་ཧྲི་ཅུའེ་ཡིས་པར་བརྒྱབ)
ཉིན་ཤས་གོང་། ཡོ་རོབ་མནའ་འབྲེལ་གྱིས་ས་དབུས་རྒྱ་མཚོ་བརྒལ་བའི་བསྐྱར་སྐྱེས་ནུས་རྒྱུ་དང་དྭངས་གཙང་ལག་རྩལ་གྱི་མཉམ་ལས་འཆར་གཞི་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཡོད། འཆར་གཞི་དེས་བསྐྱར་སྐྱེས་ནུས་རྒྱུ་དང་། ཆིང་ནུས། དྭངས་གཙང་ལག་རྩལ་བཟོ་སྐྲུན། དེང་རབས་གློག་དྲ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་དེ་བས་གཞི་གཅིག་ཅན་དང་དེ་བས་མཉམ་སྦྲེལ་མཉམ་མཐུད་ཀྱི་ནུས་པ་ལྡན་པའི་ས་དབུས་རྒྱ་མཚོའི་ནུས་རྒྱུའི་ཁྲོམ་ར་སྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ཡོ་རོབ་མནའ་འབྲེལ་གྱིས་གཅིག་གྱུར་གློག་ཤུགས་ཁྲོམ་ར་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་སྒྲོལ་གློག་གཏོང་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། བྱང་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱིས་མཚོ་ཐོག་རླུང་གློག་མཐུན་སྦྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ས་དབུས་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱིས་ཉི་ནུས་དང་ཆིང་ནུས་སོགས་ནུས་རྒྱུ་གཙང་མའི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཡོ་རོབ་རྒྱལ་ཁབ་ཁག་གིས་ཐོན་ཁུངས་གསབ་རེས་དང་། སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད། ཁྲོམ་ར་མཉམ་འགུལ་བཅས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། དེ་བས་སྙུགས་ཤེད་ལྡན་པའི་ལྗང་མདོག་ནུས་རྒྱུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་ཐེབས་པའི་རེ་བ་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།