དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཉ་ལས་མཉམ་ལས་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་སྦྲེལ་ཟམ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-09

    འདི་ནི་ཀྲུང་གོའི་ཆུ་ཐོན་ཐོན་རྫས་ཚན་རིག་ཞིབ་འཇུག་ཁང་ཚྭ་མེད་ཆུའི་ཉ་ལས་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་འགན་ཁུར་བའི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་འོག་གི་གྲངས་འཛིན་ཉ་ལས་ལག་རྩལ་དང་གྲོང་གསེབ་དར་རྒྱས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི”སློབ་མ་ཚོས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཡུས་ཡ་ཚན་རྩལ་རྟེན་གཞིར་ཀྲུང་གོའི་འཁོར་རྒྱུག་ཆུའི་གསོ་ཚགས་སྒྲིག་ཆས་ལ་ལྟ་སྦྱོང་བྱེད་བཞིན་པ། (ཧུའུ་ཅེ་ཡིས་པར་བརྒྱབ)

    འདི་ནི་ཀྲུང་གོའི་ཆུ་ཐོན་ཐོན་རྫས་ཚན་རིག་ཞིབ་འཇུག་ཁང་ཚྭ་མེད་ཆུའི་ཉ་ལས་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་འགན་ཁུར་བའི“ཧིན་རྡུ་རྒྱ་མཚོ་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱ་མཚོའི་ལས་རིགས་ཕྱོགས་སྒྱུར་དང་སྐམ་སའི་རྟེན་གཞིའི་ཆུ་ཐོན་ཐོན་རྫས་གསོ་ཚགས་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭའི”སློབ་མ་ཚོས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཐན་མཱ་ཚན་རྩལ་ཚོགས་པའི་ཐོན་སྐྱེད་འཁོར་ཁང་ནང་ཉ་མན་ཡུས་དབྱེ་གསེས་དང་གནས་སྐབས་གསོ་ཚགས་མ་ལག་ལ་ལྟ་སྐོར་བྱེད་བཞིན་པ། (ཡེ་ཝུའེ་ཡིས་པར་བརྒྱབ)

    འདི་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ཁམ་ཕུ་ཁྲེའི་གསོ་ཚགས་དུད་ཚང་ལ་འཕྱོ་དངོས་རྣམ་པའི་འོད་ཤུགས་ཆུ་སྤུས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྤྱོད་སྟངས་སློབ་བཞིན་པ། (ཆའོ་ཨེན·ཐི་ཡཱ་ལཱ་ཡིས་པར་བརྒྱབ)

    འདི་ནི་ཨེ་ཅིབ་ཀྱི་རིགས་གཅིག་མཁས་ཅན(གཡོན)གྱིས་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཉམ་དུ་ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གྲོང་ཁྱེར་དུ་བ་ཚྭ་ཐུབ་པའི་ཉ་ལོའུ་ཧྥེ་རིགས་འདེམས་གསོའི་ལས་དོན་སྤེལ་བཞིན་པ། (ཀྲུའུ་ཧའོ་ཅུན་གྱིས་པར་བརྒྱབ)

    འདི་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ཁམ་ཕུ་ཁྲེར་ཉ་ཏའོ་ཡུས་ཕྱོགས་བསྡུས་གསོ་ཚགས་ལག་རྩལ་མཛུབ་ཁྲིད་བྱེད་བཞིན་པ། (ཆའོ་ཨེན·ཐི་ཡཱ་ལཱ་ཡིས་པར་བརྒྱབ)

    འདི་ནི་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ཨེ་ཅིབ་ཀྱི་གསོ་ཚགས་དུད་ཚང་ལ་ཉ་ལོའུ་ཧྥེ་གསོ་ཚགས་ལག་རྩལ་གསོ་སྦྱོང་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་བཞིན་པ།(ཀྲུང་ཁྲུན་དབྱི་ཡིས་པར་བརྒྱབ)

    དབུལ་ཕོངས་སེལ་བ་ནི་མིའི་རིགས་ཀྱི་ཐུན་མོང་ལས་འགན་ཞིག་རེད། རང་ངོས་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་བརྟེན་ནས་ཀྲུང་གོས་ཉ་ལས་ཀྱི་ལྷོ་ལྷོ་མཉམ་ལས་ཧུར་ཐག་བྱས་ཏེ་ཁམ་ཕུ་ཁྲེ་དང་། ཝུ་ཀན་ཏ། ཨེ་ཅིབ་སོགས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་གསོ་ཚགས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་གྲངས་འཛིན་གསོ་ཚགས་བྱེད་སྟངས་དང་ཤེས་ལྡན་པ་གསོ་སྦྱོང་མ་ལག་ཁྱབ་གདལ་བཏང་ཞིང་། གནད་སྨིན་དངོས་སྒྲུབ་ཀྱི་ཉ་ལས་མཉམ་ལས་བརྒྱུད་གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་སྦྲེལ་ཟམ་བསྐྲུན་ནས། འབྲེལ་ཡོད་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་ལས་དོན་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།